Tibetan Study Zone
Story Books
Tibetan Reading
Spoken Tibetan Curriculum
Grammar
Teachers
Articles
Language
English
བོད་ཡིག
简体中文
Start learning
← Lhamo Tso's Story
A1
Chapter 1
ལྷ་མོ་མཚོའི་དགའ་རོགས།
Lhamo Tsö’i garok
Lhamo Tso's Boyfriend
Story
Activities
Pronunciation
English
Tip: tap a sentence to see its meaning.
1
རྡོ་རྗེ་ངའི་དགའ་རོགས་རེད།
2
ཁོའི་ལོ་སུམ་ཅུ་སོ་བདུན་རེད།
3
ཁོ་ང་ལས་ཏོག་ཙམ་ལོ་ཆེ་བ་རེད།
4
ཁོ་རྒྱ་གར་ལ་སྐྱེས་པ་རེད།
5
ཁོ་དང་ང་གཉིས་ཀ་རྒྱ་གར་ལ་སྐྱེས་པ་རེད།
6
ཡིན་ན་ཡང་། ཁོའི་ཕ་མ་གཉིས་བོད་ནས་རེད།
7
ཁོང་ཚོ་བོད་ནས་སླེབས་པ་རེད།
8
རྡོ་རྗེ་ལ་ནུ་མོ་གཉིས་ཡོད་རེད།
9
ཁོ་ལ་ཅོ་ཅོ་དང་ནུ་བོ་ཡོད་མ་རེད།
10
ཁོ་མི་ཡག་པོ་ཡོད་རེད།
11
མཚམས་མཚམས་ཁོ་ཏོག་ཙམ་ངོ་ཚ་པོ་ཡོད་རེད།
12
མཚམས་མཚམས་ཁོ་ང་དང་མཉམ་དུ་སྐད་ཆ་མང་པོ་བཤད་ཀྱི་ཡོད་རེད།
13
རྡོ་རྗེ་གཞས་གཏང་ཡ་ལ་དགའ་པོ་ཡོད་རེད།
14
ཁོས་བོད་གཞས་དང་ཧིན་དི་གཞས་གཏང་གི་ཡོད་རེད།
15
ཁོའི་སྐད་སྙན་པོ་ཡོད་རེད།
16
བྱས་ཙང་། ང་ཁོའི་གཞས་ཉན་ཡ་དགའ་པོ་ཡོད།
17
ཁོས་ལས་ཀ་བྱེད་ཀྱི་ཡོད་རེད།
18
ཁོས་ཉི་མ་རྟག་པར་ལས་ཀ་བྱེད་ཀྱི་ཡོད་རེད།
19
ཁོ་ལ་གུང་སེང་མང་པོ་ཡོད་མ་རེད།
20
ཡིན་ན་ཡང་། གུང་སེང་གི་སྐབས་ལ་འཆམ་འཆམ་ལ་འགྲོ་ཡ་དགའ་པོ་ཡོད་རེད།
21
ང་ཚོ་མཉམ་དུ་འཆམ་འཆམ་ལ་འགྲོ་གི་ཡོད།
22
མཚམས་མཚམས། སྤྱི་སྤྱོད་རླངས་འཁོར་ནང་ལ་འགྲོ་གི་ཡོད།
23
མཚམས་མཚམས། གླ་འཁོར་ནང་ལ་འགྲོ་གི་ཡོད།
24
རྡོ་རྗེ་སི་པན་ལ་དགའ་པོ་ཡོད་རེད།
25
ཁ་ལག་ཁ་ཚ་པོ་མང་པོ་ཟ་གི་ཡོད་རེད།
26
ཡིན་ན་ཡང་། ངས་ཁ་ལག་ཁ་ཚ་པོ་ཟ་གི་མེད།
27
ཁ་ལག་ཁ་ཚ་པོ་ལ་དགའ་པོ་མེད།
28
ང་ཚོས་ཉི་མ་རྟག་པར་ཁ་ལག་མཉམ་དུ་ཟ་གི་ཡོད།
Chapter 2
Home
Stories
Reading
Curriculum
Grammar
Teachers
Articles