Tibetan Study Zone
Story Books
Tibetan Reading
Spoken Tibetan Curriculum
Grammar
Teachers
Articles
Language
English
བོད་ཡིག
简体中文
Start learning
← Lhamo Tso's Story
A1
Chapter 2
ལྷ་མོ་མཚོའི་སྐྱེ་ཡུལ།
Lhamo Tsö’i kyé-yül
Lhamo Tso's Homeland
Story
Activities
Pronunciation
English
Tip: tap a sentence to see its meaning.
1
ལྷ་མོ་མཚོ་བོད་པའི་བུ་མོ་གཅིག་རེད།
2
མོ་བོད་ལ་སྐྱེས་པ་རེད།
3
བོད་ཀྱི་ས་ཆ་དཔེ་སྙིང་རྗེ་མོ་ཡོད་རེད།
4
བོད་ལ་རི་མཐོ་པོ་མང་པོ་ཡོད་རེད།
5
རི་མཐོ་པོའི་སྒང་ལ་གངས་མང་པོ་ཡོད་རེད།
6
བོད་ཀྱི་ནམ་མཁའི་ཚོན་མདོག་སྔོན་པོ་རེད།
7
བོད་ལ་རྩ་ཐང་ཡང་མང་པོ་ཡོད་རེད།
8
ཤིང་ནགས་ཀྱང་མང་པོ་ཡོད་རེད།
9
བོད་ཀྱི་རྒྱུག་ཆུ་དཔེ་གཙང་མ་ཡོད་རེད།
10
བོད་ལ་གཡག་མང་པོ་ཡོད་རེད།
11
བོད་ཀྱི་མི་དེ་ཚོ་དཔེ་ཡག་པོ་ཡོད་རེད།
12
ལྷ་མོ་མཚོ་མོ་རང་གི་ནང་ལ་དཔེ་དགའ་པོ་ཡོད་རེད།
13
ནང་གི་ཕྱི་ལོགས་ལ་རྩེད་མོ་མང་པོ་རྩེས་ཀྱི་ཡོད་རེད།
14
མོའི་ནང་ཆུང་ཆུང་ཡོད་རེད།
15
ཡིན་ན་ཡང་། ནང་མི་ཚང་མ་མཉམ་དུ་ཁ་ལག་ཟ་གི་རེད།
16
མོའི་ནང་མི་ལ་སེམས་ཅན་མང་པོ་ཡོད་རེད།
17
གཡག་དང་འབྲི་མང་པོ་ཡོད་རེད།
18
ལུག་བརྒྱ་ལས་མང་བ་ཡོད་རེད།
19
མོའི་ནང་ལ་ཁྱི་ཆེན་པོ་ཡང་ཁ་ཤས་ཡོད་རེད།
20
ད་ལྟ་མོ་རྒྱ་གར་ལ་ཡོད་རེད།
21
ཡིན་ན་ཡང་། མོའི་སྤུན་སྐྱ་ཁ་ཤས་བོད་ལ་ཡོད་རེད།
22
ལྷ་མོ་མཚོ་བོད་ལ་འགྲོ་འདོད་ཡོད་རེད།
23
ཡིན་ན་ཡང་། འགྲོ་ཐུབ་ཀྱི་ཡོད་མ་རེད།
24
བྱས་ཙང་། ཉི་མ་རྟག་པར་སེམས་པ་སྐྱོ་གི་ཡོད་རེད།
Chapter 1
Chapter 3
Home
Stories
Reading
Curriculum
Grammar
Teachers
Articles