Tibetan Study Zone
Story Books
Tibetan Reading
Spoken Tibetan Curriculum
Grammar
Teachers
Articles
Language
English
བོད་ཡིག
简体中文
Start learning
← Lhamo Tso's Story
A1
Chapter 3
ལྷ་མོ་མཚོའི་ནང་མི།
Lhamo Tsö’i nangmi
Lhamo Tso's Family
Story
Activities
Pronunciation
English
Tip: tap a sentence to see its meaning.
1
བཀྲ་ཤིས་བདེ་ལེགས།
2
ངའི་མིང་ལྷ་མོ་མཚོ་ཡིན།
3
དེ་རིང་ངས་ང་རང་གི་ནང་མིའི་སྐོར་ལ་བཤད་ཀྱི་ཡིན།
4
ང་ལ་ནང་མི་བདུན་ཡོད།
5
སྤོ་སྤོ་གཅིག་དང་། ཕ་མ་གཉིས། ནུ་མོ་གཅིག་དང་ཨ་ཅག་གཉིས། ང་རང་དང་བདུན་ཡོད།
6
ངའི་སྤོ་སྤོའི་ལོ་དགུ་བཅུ་གོ་བདུན་རེད།
7
ངའི་སྤོ་སྤོ་ལ་ཕྲུ་གུ་དྲུག་ཡོད་རེད།
8
ཕྲུ་གུ་གཅིག་ངའི་ཨ་མ་རེད།
9
ངའི་ཨ་མའི་མིང་ཆོས་སྒྲོན་རེད།
10
ཨ་ཕའི་མིང་ཆོས་སྐྱབས་རེད།
11
ཁོང་གཉིས་ཀྱི་ལོ་བདུན་ཅུ་དོན་ལྔ་རེད།
12
ངའི་ཨ་ཕ་དང་ཨ་མ་གཉིས་ཀའི་ལོ་གཅིག་པ་རེད།
13
ཨ་ཕ་དང་ཨ་མ་ལ་ཕྲུ་གུ་བཞི་ཡོད་རེད།
14
ང་ལ་ཨ་ཅག་གཉིས་དང་ནུ་མོ་གཅིག་ཡོད།
15
ང་ལ་ཅོ་ཅོ་དང་ནུ་བོ་མེད།
16
ངའི་སྤོ་སྤོ་བོད་ནས་སླེབས་པ་རེད།
17
ངའི་ཨ་མ་ཡང་བོད་ནས་སླེབས་པ་རེད།
18
ཡིན་ན་ཡང་། ངའི་ཨ་ཕ་རྒྱ་གར་ལ་སྐྱེས་པ་རེད།
19
ངའི་ཨ་ཅག་ཆེ་བའི་ལོ་བཞི་བཅུ་ཞེ་གསུམ་རེད།
20
ཨ་ཅག་ཆུང་བའི་ལོ་བཞི་བཅུ་ཞེ་གཅིག་རེད།
21
ང་རང་གི་ལོ་སུམ་ཅུ་སོ་དྲུག་ཡིན།
22
ངའི་ནུ་མོའི་སུམ་ཅུ་སོ་བཞི་རེད།
23
ད་ལྟ་ང་དང་ངའི་སྤོ་སྤོ། ངའི་ཕ་མ་བཞི་མཉམ་དུ་སྡོད་ཀྱི་ཡོད།
24
ང་ཚོ་ད་ལྟ་རྒྱ་གར་ལ་སྡོད་ཀྱི་ཡོད།
25
ངའི་ཨ་ཅག་ཆེ་བ་ཨ་རི་ལ་ཡོད་རེད།
26
ཨ་ཅག་ཆུང་བ་ཕ་རཱན་སི་ལ་ཡོད་རེད།
27
ངའི་ནུ་མོ་བལ་ཡུལ་ལ་ཡོད་རེད།
Chapter 2
Chapter 4
Home
Stories
Reading
Curriculum
Grammar
Teachers
Articles