Tibetan Study Zone
Story Books
Tibetan Reading
Spoken Tibetan Curriculum
Grammar
Teachers
Articles
Language
English
བོད་ཡིག
简体中文
Start learning
← Lhamo Tso's Story
A1
Chapter 4
ལྷ་མོ་མཚོའི་གྲོགས་པོ་གསུམ།
Lhamo Tsö’i drokpo sum
Lhamo Tso's Three Friends
Story
Activities
Pronunciation
English
Tip: tap a sentence to see its meaning.
1
ང་ལ་གྲོགས་པོ་གསུམ་ཡོད།
2
ང་ལ་དགའ་རོགས་ཀྱང་ཡོད།
3
ཁོ་ཚོ་ཚང་མ་ང་ནང་བཞིན་བོད་པ་རེད།
4
ང་ཚོ་ཚང་མ་རྒྱ་གར་ལ་བསྡད་ཀྱི་ཡོད།
5
ང་ལ་གྲོགས་པོ་མང་པོ་མེད།
6
གྲོགས་པོ་ཉུང་ཉུང་ཡོད།
7
ཡིན་ན་ཡང་། གྲོགས་པོ་ཚང་མ་དཔེ་ཡག་པོ་ཡོད་རེད།
8
ངའི་དགའ་རོགས་ཀྱང་མི་དཔེ་ཡག་པོ་ཡོད་རེད།
9
ངའི་གྲོགས་པོ་དང་པོའི་མིང་པདྨ་རེད།
10
གྲོགས་པོ་གཉིས་པའི་མིང་བསྟན་འཛིན་རེད།
11
གྲོགས་པོ་གསུམ་པའི་མིང་བསོད་ནམས་རེད།
12
པདྨ་ང་ལས་ཏོག་ཙམ་ཆེ་བ་རེད།
13
པདྨའི་ལོ་སུམ་ཅུ་སོ་བརྒྱད་རེད།
14
བསྟན་འཛིན་ང་ལས་ཆུང་བ་རེད།
15
བསྟན་འཛིན་གྱི་ལོ་སུམ་ཅུ་སོ་གཉིས་རེད།
16
བསོད་ནམས་དང་ངའི་ལོ་གཅིག་པ་རེད།
17
བསོད་ནམས་དང་ང་གཉིས་ཀའི་ལོ་གཅིག་པ་རེད།
18
པདྨའི་ནང་ངའི་ནང་གི་འགྲམ་ལ་ཡོད་རེད།
19
ཐག་རིང་པོ་ཡོད་མ་རེད།
20
པདྨ་ངའི་ཁྱིམ་མཚེས་རེད།
21
ཡིན་ན་ཡང་། བསྟན་འཛིན་ངའི་ནང་ནས་ཐག་རིང་པོ་ཡོད་རེད།
22
བསོད་ནམས་ཀྱང་ཏོག་ཙམ་ཐག་རིང་པོ་ཡོད་རེད།
23
ངའི་གྲོགས་པོ་པདྨ་ལ་ནང་མི་མང་པོ་ཡོད་རེད།
24
ཡིན་ན་ཡང་། བསྟན་འཛིན་ལ་ནང་མི་མང་པོ་ཡོད་མ་རེད།
25
བསྟན་འཛིན་ལ་ནང་མི་ཁ་ཤས་ཡོད་རེད།
26
བསོད་ནམས་ལ་ཕ་མ་གཉིས་ཡོད་རེད།
27
ནང་མི་གཞན་པ་ཡོད་མ་རེད།
Chapter 3
Chapter 5
Home
Stories
Reading
Curriculum
Grammar
Teachers
Articles