Tibetan Study Zone
Story Books
Tibetan Reading
Spoken Tibetan Curriculum
Grammar
Teachers
Articles
Language
English
བོད་ཡིག
简体中文
Start learning
← Lhamo Tso's Story
A1
Chapter 5
ལྷ་མོ་མཚོའི་སློབ་གྲྭ།
Lhamo Tsö’i lobdra
Lhamo Tso's School
Story
Activities
Pronunciation
English
Tip: tap a sentence to see its meaning.
1
ངའི་སློབ་གྲྭ་རྡ་རམ་ས་ལ་ལ་ཡོད་རེད།
2
སློབ་གྲྭའི་མིང་དཔེ་སྟོན་སློབ་གྲྭ་རེད།
3
སློབ་གྲྭ་དེ་ལ་དགེ་རྒན་མང་པོ་ཡོད་རེད།
4
དགེ་རྒན་ཁ་ཤས་ཀྱི་ལོ་དཔེ་ཆེན་པོ་རེད།
5
དགེ་རྒན་ཁ་ཤས་ཀྱི་ལོ་དཔེ་ཆུང་ཆུང་རེད།
6
དཔེ་སྟོན་སློབ་གྲྭའི་ས་ཆ་ཆེན་པོ་ཡོད་མ་རེད།
7
ཡིན་ན་ཡང་། ས་ཆ་གཙང་མ་དང་དཔེ་སྐྱིད་པོ་ཡོད་རེད།
8
ང་སྔོན་མ་སློབ་གྲྭ་འདི་ལ་ལོ་བཅུ་གཅིག་བསྡད་པ་ཡིན།
9
དེ་དུས། ང་ལ་འཛིན་གྲོགས་མང་པོ་ཡོད།
10
འཛིན་གྲོགས་མང་ཆེ་བ་བུ་རེད།
11
བུ་མོ་ཁ་ཤས་ཡོད་རེད།
12
ཞོགས་པ་ཆུ་ཚོད་བརྒྱད་པ་ནས་འཛིན་གྲྭ་ཚོགས་ཀྱི་ཡོད་རེད།
13
དགོང་མོ་ཆུ་ཚོད་བཞི་པ་ལ་འཛིན་གྲྭ་གྲོལ་གྱི་ཡོད་རེད།
14
ང་ཚོའི་སློབ་གྲྭ་ལ་ཐབ་ཚང་གཅིག་ཡོད་རེད།
15
ཐབ་ཚང་དེ་དཔེ་ཆེན་པོ་ཡོད་རེད།
16
ང་ཚོ་ཚང་མས་དེ་ལ་ཁ་ལག་ཟ་གི་ཡོད།
17
དགེ་རྒན་ཚོའི་ཐབ་ཚང་གཞན་པ་གཅིག་ཡོད་རེད།
18
དཔེ་སྟོན་སློབ་གྲྭ་ལ་འཛིན་གྲྭ་མང་པོ་ཡོད་རེད།
19
འཛིན་གྲྭ་དང་པོ་ནས་བཅུ་པའི་བར་དུ་ཡོད་རེད།
20
དཔེ་སྟོན་སློབ་གྲྭ་ལ་རྩེད་ཐང་ཆུང་ཆུང་གཉིས་ཡོད་རེད།
21
རྩེད་ཐང་གཅིག་བུའི་རྩེད་ཐང་རེད།
22
གཅིག་བུ་མོའི་རྩེད་ཐང་རེད།
23
ང་ཚོས་ཆུ་ཚོད་གསུམ་པ་ལ་རྩེད་མོ་རྩེ་གི་ཡོད།
Chapter 4
All chapters
Home
Stories
Reading
Curriculum
Grammar
Teachers
Articles