Tibetan Study Zone
Story Books
Tibetan Reading
Spoken Tibetan Curriculum
Grammar
Teachers
Articles
Language
English
བོད་ཡིག
简体中文
Start learning
← Sarah College Spoken Tibetan Textbook
A1
Chapter 2
ངའི་ཤག
Ngei Shak
My Room
Video lesson
Watch on YouTube
Story
Activities
Pronunciation
English
Tip: tap a sentence to see its meaning.
1
ང་ལ་ཤག་གཅིག་ཡོད།
2
ངའི་ཤག་ལ་ཅ་ལག་མང་པོ་ཡོད་མ་རེད།
3
ཅ་ལག་ཉུང་ཉུང་ཡོད་རེད།
4
དཔེར་ན། ཉལ་ཁྲི་གཅིག ཅོག་ཙེ་གཉིས། རྐུབ་བཀྱག་གཅིག ས་གདན་གཅིག་ཡོད་རེད།
5
ཉལ་ཁྲིའི་སྒང་ལ་ཉལ་ཆས་མཐུག་པོ་གཅིག་ཡོད་རེད།
6
ཉལ་ཆས་མཐུག་པོའི་འགྲམ་ལ་སྔས་མགོ་གཉིས་ཡོད་རེད།
7
སྔས་མགོ་དེ་གཉིས་སོབ་སོབ་ཡོད་རེད།
8
ང་ལ་ཅོག་ཙེ་ཆུང་ཆུང་གཅིག་དང་ཆེན་པོ་གཅིག་ཡོད།
9
ཅོག་ཙེ་ཆུང་ཆུང་གི་སྒང་ལ་དེབ་ཁ་ཤས་ཡོད་རེད།
10
ཅོག་ཙེ་ཆེན་པོའི་སྒང་ལ་བཞུ་མར་གཅིག་ཡོད་རེད།
11
ངའི་ཤག་ལ་གྱང་ཡང་ཡོད་རེད།
12
གྱང་གི་ཚོན་མདོག་དཀར་པོ་རེད།
13
གྱང་གི་སྒང་ལ་པར་གཉིས་ཡོད་རེད།
14
པར་གཅིག་ངའི་ཕ་མའི་པར་རེད།
15
པར་གཅིག་ང་དང་ངའི་དགའ་རོགས་ཀྱི་པར་རེད།
16
ངའི་ཤག་ལ་སྒེའུ་ཁུང་གཅིག་ཀྱང་ཡོད་རེད།
17
སྒེའུ་ཁུང་དེ་ལ་ཤེལ་སྒོ་གསུམ་ཡོད་རེད།
18
ངའི་ཉལ་ཁྲི་ཤིང་གི་ཉལ་ཁྲི་རེད།
19
ཞ་ལའི་སྒང་ལ་ས་གདན་གཅིག་ཡོད་རེད།
20
ས་གདན་གྱི་ཚོན་མདོག་ལྗང་ཁུ་དང་དམར་པོ་རེད།
21
ས་གདན་གྱི་སྒང་ལ་ཤ་བ་ཡི་རི་མོ་ཡོད་རེད།
22
ངའི་ཤག་ལ་སྒོ་གཉིས་ཡོད་རེད།
23
སྒོ་གཅིག་མདུན་ལ་ཡོད་རེད།
24
སྒོ་གཅིག་རྒྱབ་ལ་ཡོད་རེད།
25
ངའི་ཤག་ལ་གསང་སྤྱོད་དང་ཁྲུས་ཁང་ཡོད་མ་རེད།
Chapter 1
Chapter 3
Home
Stories
Reading
Curriculum
Grammar
Teachers
Articles