Tibetan Study Zone
Story Books
Tibetan Reading
Spoken Tibetan Curriculum
Grammar
Teachers
Articles
Language
English
བོད་ཡིག
简体中文
Start learning
← Sarah College Spoken Tibetan Textbook
A1
Chapter 3
ང་ཚོའི་འཛིན་ཁང་།
Our Classroom
Video lesson
Watch on YouTube
Story
Activities
Pronunciation
English
Tip: tap a sentence to see its meaning.
1
འདི་ང་ཚོའི་འཛིན་ཁང་རེད།
2
འཛིན་ཁང་ལ་ཅ་ལག་མང་པོ་ཡོད་རེད།
3
དཔེར་ན། ཅོག་ཙེ་དང་རྐུབ་བཀྱག ནག་པང་། རླུང་འཁོར་དང་། པར་གསུམ་ཡོད་རེད།
4
ཅོག་ཙེ་གཅིག་ཆེན་པོ་ཡོད་རེད།
5
ལྔ་ཆུང་ཆུང་ཡོད་རེད།
6
ང་ཚོའི་འཛིན་ཁང་ལ་ཅོག་ཙེ་ཆུང་ཆུང་མང་པོ་ཡོད་རེད།
7
ཡིན་ན་ཡང་། ཅོག་ཙེ་ཆེན་པོ་གཅིག་མ་གཏོགས་ཡོད་མ་རེད།
8
དེ་རྒན་ལགས་ཀྱི་ཆེད་དུ་རེད།
9
ང་ཚོའི་འཛིན་ཁང་ལ་སྒེའུ་ཁུང་ཡང་གཅིག་ཡོད་རེད།
10
དེ་སྒོའི་འགྲམ་ལ་ཡོད་རེད།
11
ང་ཚོའི་འཛིན་ཁང་ལ་སྒོ་གཅིག་ཡོད་རེད།
12
ཅོག་ཙེའི་སྒང་ལ་དེབ་མང་པོ་ཡོད་རེད།
13
ང་ལ་དེབ་ཁ་ཤས་ཡོད།
14
ངའི་གྲོགས་མོ་ལ་དེབ་མང་པོ་ཡོད་རེད།
15
ང་ཚོ་ཚང་མ་ལ་སྨྱུ་གུ་ཡོད།
16
ཡིན་ན་ཡང་། གློག་ཀླད་གཅིག་མ་གཏོགས་ཡོད་མ་རེད།
17
གློག་ཀླད་དེ་རྒན་ལགས་ཀྱི་གློག་ཀླད་རེད།
Chapter 2
Chapter 4
Home
Stories
Reading
Curriculum
Grammar
Teachers
Articles