Tibetan Study Zone
Story Books
Tibetan Reading
Spoken Tibetan Curriculum
Grammar
Teachers
Articles
Language
English
བོད་ཡིག
简体中文
Start learning
← Sarah College Spoken Tibetan Textbook
A1
Chapter 4
བརྩེ་བའི་ཨ་མ་ལགས།
Dear Mother
Video lesson
Watch on YouTube
Story
Activities
Pronunciation
English
Tip: tap a sentence to see its meaning.
1
བརྩེ་བའི་ཨ་མ་ལགས།
2
ཨ་མ་ཁྱེད་རང་བདེ་པོ་ཡིན་པས།
3
པ་ལགས་དང་ཨ་ཅག ཅོ་ཅོ། གཅུང་མོ་ཚང་མ་བདེ་པོ་རེད་པས།
4
དེང་སང་ང་ས་རཱ་མཐོ་རིམ་སློབ་གྲྭ་ལ་ཡོད།
5
ང་འདི་ལ་སྐྱིད་པོ་འདུག
6
ངའི་ཁང་པ་ཆུང་ཆུང་འདུག
7
ཡིན་ན་ཡང་། འདི་ལ་སྒེའུ་ཁུང་ཆེན་པོ་གཅིག་འདུག
8
དེང་སང་ས་རཱ་ལ་གནམ་གཤིས་ཚ་པོ་འདུག
9
ཡིན་ན་ཡང་། ངའི་ཁང་པ་ལ་རླུང་འཁོར་གཅིག་ཡོད།
10
ང་རླུང་འཁོར་ལ་ཧ་ཅང་དགའ་པོ་ཡོད།
11
ངའི་དགེ་རྒན་བོད་པ་རེད།
12
ང་ལ་འཛིན་གྲོགས་མང་པོ་ཡོད།
13
ཁོང་ཚོ་ལུང་པ་འདྲ་མི་འདྲ་ནས་རེད།
14
ངའི་འཛིན་གྲྭའི་ནང་ལ་ཝེད་ནམ་ནས་སློབ་ཕྲུག་མང་པོ་ཡོད་རེད།
15
ང་ཚོ་ལུང་པ་གཅིག་པ་རེད།
16
བལ་ཡུལ་གྱི་མི་གཅིག་དང་།
17
རྒྱ་གར་བ་གཉིས།
18
གཞན་པ་ལུང་པ་ཁ་ཤས་ནས་ཡོད་རེད།
Chapter 3
Chapter 5
Home
Stories
Reading
Curriculum
Grammar
Teachers
Articles