Tibetan Study Zone
Story Books
Tibetan Reading
Spoken Tibetan Curriculum
Grammar
Teachers
Articles
Language
English
བོད་ཡིག
简体中文
Start learning
← Thinley's Family
A1
Chapter 3
གླེང་མོལ།
A Phone Conversation
Video lesson
Watch on YouTube
Conversation
Vocabulary
Activities
Pronunciation
English
Tip: tap a sentence to see its meaning.
དབྱངས་སྐྱིད།
བཀྲ་ཤིས་བདེ་ལེགས།
འཕྲིན་ལས།
བཀྲ་ཤིས་བདེ་ལེགས། དབྱངས་སྐྱིད།
དབྱངས་སྐྱིད།
ད་ལྟ་ཁྱོད་རང་ག་བ་ལ་ཡོད། ང་བྷེལ་ལ་ཀོབ་པི་ལ་ཡོད། ཁྱོད་རང་བྷེལ་ལ་ཀོབ་པི་ལ་ཡོད་པས།
འཕྲིན་ལས།
མེད། ང་བྷེལ་ལ་ཀོབ་པི་ལ་མེད། ད་ལྟ་ང་ནང་ལ་ཡོད།
དབྱངས་སྐྱིད།
ཁྱེད་རང་གི་ནང་བྷེལ་ལ་ཀོབ་པི་ལ་ཡོད་མ་རེད་པས།
འཕྲིན་ལས།
ཡོད་མ་རེད། ངའི་ནང་ཀོ་ལེ་གྷལ་ལ་ཡོད་རེད། བྷེལ་ལ་ཀོབ་པི་ལ་ཡོད་མ་རེད། བྷེལ་ལ་ཀོབ་པི་ངའི་གཞིས་ཆགས་ནས་ཐག་རིང་པོ་རེད།
དབྱངས་སྐྱིད།
ཨ་ལད། ཟླ་བ་གཅིག་གི་སྔོན་ལ་ཁྱེད་རང་བྷེལ་ལ་ཀོབ་པི་ལ་མེད་པས།
འཕྲིན་ལས།
ཡོད། ཟླ་བ་གཅིག་གི་སྔོན་ལ་ང་བྷེལ་ལ་ཀོབ་པི་ལ་ཡོད། དེ་དུས་ང་ཨ་ཅག་གི་ནང་ལ་བསྡད་ཀྱི་ཡོད། ད་ལྟ་ང་ནང་ལ་ཡོད།
དབྱངས་སྐྱིད།
ཡ་ཡ། འོ་ན། ཁྱེད་རང་གི་ཨ་ཅག་གི་ནང་ལ་བསྡད་ས་ཡོད་རེད་པས། ང་ལ་བསྡད་ས་གཅིག་དགོས་ཀྱི་འདུག
འཕྲིན་ལས།
དབྱངས་སྐྱིད། མོའི་ནང་ལ་བསྡད་ས་ཡོད་མ་རེད། གང་ཡིན་ཟེར་ན། མོའི་ནང་ཆུང་ཆུང་རེད། ཁྱོ་ག་དང་ཕྲུ་གུ་གཉིས་ཀྱང་ཡོད་རེད།
དབྱངས་སྐྱིད།
ཨ་ལད། ཡ་ཡ། གལ་མི་འདུག ང་ལ་གྲོགས་པོ་གཅིག་ཡོད། ཁོ་ལ་སྐད་ཆ་དྲི་ཡི་(Spokenགི། ghi) ཡིན།
འཕྲིན་ལས།
རེད། ཏག་ཏག་རེད། དང་པོ་ཁྱེད་རང་གི་གྲོགས་པོ་ལ་སྐད་ཆ་དྲིས་དང་། ཁོའི་ནང་ལ་བསྡད་ས་མེད་ན་ངས་ཨ་ཅག་ལ་སྐད་ཆ་དྲི་ཡོང་།
དབྱངས་སྐྱིད།
ཡ་ཡ། ཐུགས་རྗེ་ཆེ།
འཕྲིན་ལས།
མ་གཞི་ནས། ཁྱེད་རང་ཀོ་ལེ་གྷལ་ལ་ཡོང་གི་མིན་པས། འདི་ལ་བསྡད་ས་ཡོད་རེད། ང་ཚོའི་ནང་ཆེན་པོ་ཡོད་རེད།
དབྱངས་སྐྱིད།
མིན། ང་ཡོང་གི་མིན། ང་ལ་གུང་གསེང་མང་པོ་མེད། བདུན་ཕྲག་གཅིག་གི་རྗེས་ལ་མོན་གྷོ་ལ་འགྲོ་དགོས་ཡོད།
འཕྲིན་ལས།
ཨ་ལད། དེང་སང་ཁྱེད་རང་མོན་གྷོ་ལ་བསྡད་ཀྱི་ཡོད་པས།
དབྱངས་སྐྱིད།
ཡོད། ཡོད། དེང་སང་ང་མོན་གྷོ་ལ་བསྡད་ཀྱི་ཡོད། ངའི་ཨ་མ་ཡང་མོན་གྷོ་ལ་བསྡད་ཀྱི་ཡོད་རེད། ང་ཚོ་མཉམ་དུ་བསྡད་ཀྱི་ཡོད།
འཕྲིན་ལས།
ཨ་ནི། ཁྱེད་རང་གི་དགའ་རོགས་ག་བ་ལ་ཡོད་རེད།
དབྱངས་སྐྱིད།
ངའི་དགའ་རོགས་རྡ་རམ་ས་ལ་ལ་ཡོད་རེད། ཨ་ནི། ཁྱེད་རང་གི་སྐྱེས་དམན་ལྷ་མོ་ག་བ་ལ་ཡོད་རེད།
འཕྲིན་ལས།
མོ་ཡང་ད་ལྟ་རྡ་རམ་ས་ལ་ལ་ཡོད་རེད། རྗེས་མ་ཀོ་ལེ་གྷལ་ལ་ཡོང་གི་རེད། དེ་ནས། ང་ཚོ་མཉམ་དུ་བསྡད་ཡ་རེད།
དབྱངས་སྐྱིད།
ཁྱེད་རང་གི་ནང་མི་ཚང་མ་རྒྱ་གར་ལ་ཡོད་རེད་བ། མོའི་ནང་མི་ཚང་མ་ག་བ་ལ་ཡོད་རེད།
འཕྲིན་ལས།
མ་རེད། ངའི་ནང་མི་ཚང་མ་རྒྱ་གར་ལ་ཡོད་མ་རེད། མོའི་ནང་མི་ཚང་མ་བོད་ལ་ཡོད་རེད།
དབྱངས་སྐྱིད།
ཨ་ཁ་ཁ། རྒྱ་གར་ལ་མོ་རང་གཅིག་པུ་རེད་པས།
འཕྲིན་ལས།
མ་རེད། རྒྱ་གར་ལ་མོ་རང་གཅིག་པུ་མ་རེད། མོ་ལ་ང་ཡོད་རེད། ཧ་ཧ། རྩེད་མོ་ཡིན། རེད། རྒྱ་གར་ལ་མོ་རང་གཅིག་པུ་རེད།
དབྱངས་སྐྱིད།
ཤ་ཚ། སྙིང་རྗེ། ཨ་ནི། ཁྱེད་རང་གི་ནང་མི་ག་བ་ག་བ་ལ་ཡོད་རེད།
འཕྲིན་ལས།
ངའི་ནང་མི་མང་ཆེ་བ་རྒྱ་གར་ལ་ཡོད་རེད། ངའི་ཨ་མ། ནུ་མོ་གཅིག ཨ་ཅག་གཉིས། ཅོ་ཅོ་གཅིག ང་དང་ངའི་ཚ་མོ་གསུམ། ཚ་བོ་གཅིག་རྒྱ་གར་ལ་ཡོད་རེད། ཅོ་ཅོ་གཉིས་དང་ནུ་མོ་གཅིག ཚ་མོ་གཅིག་ཕ་རཱན་སི་ལ་ཡོད་རེད།
དབྱངས་སྐྱིད།
ཨ་ལད། ནང་མི་མང་བ་ལ། ང་ཚོ་ལ་ནང་མི་མང་པོ་ཡོད་མ་རེད། ང་དང་ངའི་ཨ་མ་གཅིག་པུ་རེད།
འཕྲིན་ལས།
དངོས་གནས། ཁྱོད་ཚོ་གཅིག་པུ་རེད་པས། ནང་མི་ཉུང་བ་ལ།
དབྱངས་སྐྱིད།
རེད། རེད། ཡ་ཡ། འཕྲིན་ལས། ད་ལྟ་ངས་གྲོགས་པོ་ལ་ཁ་པར་གཏོང་གི་ཡིན། ང་ལ་བསྡད་ས་གཅིག་དགོས་ཀྱི་འདུག
འཕྲིན་ལས།
རེད། རེད། ཏག་ཏག་རེད། གྲོགས་པོ་ལ་ཁ་པར་གཏོང་། ང་ཚོས་རྗེས་ལ་སྐད་ཆ་བཤད་ན་འགྲིག་གི་རེད།
དབྱངས་སྐྱིད།
ཡ་ཡ། གྲོགས་པོ། འབྲེལ་བ་བྱེད་ཀྱི་བྱེད་ཀྱི་ཡིན་ད།
འཕྲིན་ལས།
ཡིན་ཡིན་པ་རེད། གལ་སྲིད་བསྡད་ས་མ་རག་ན་ང་ལ་ལབ་ཨ།
དབྱངས་སྐྱིད།
ཡ་ཡ། རྗེས་ལ་སྐད་ཆ་བཤད་གོ།
འཕྲིན་ལས།
ཡ་ཡ།
Chapter 2
Chapter 4
Home
Stories
Reading
Curriculum
Grammar
Teachers
Articles