Tibetan Study Zone
Story Books
Tibetan Reading
Spoken Tibetan Curriculum
Grammar
Teachers
Articles
Language
English
བོད་ཡིག
简体中文
Start learning
← Thinley's Family
A1
Chapter 4
ལུང་པ་དང་མི་རིགས།
Countries and Nationalities
Video lesson
Watch on YouTube
Story
Vocabulary
Activities
Pronunciation
English
Tip: tap a sentence to see its meaning.
1
ངའི་མིང་འཕྲིན་ལས་ཡིན།
2
ང་དགེ་རྒན་ཡིན།
3
ང་བོད་ནས་ཡིན།
4
ངའི་སྐྱེས་དམན་ཡང་བོད་ནས་རེད།
5
ངའི་ནང་མི་ཚང་མ་བོད་ནས་རེད།
6
ཡིན་ན་ཡང་། ང་ཚོ་ཚང་མ་བོད་ལ་མེད།
7
ང་ཚོའི་ནང་མི་ཁ་ཤས་རྒྱ་གར་ལ་ཡོད་རེད།
8
ཁ་ཤས་ཕ་རཱན་སི་ལ་ཡོད་རེད།
9
ངའི་ཅོ་ཅོ་གཉིས་དང་ནུ་མོ་གཅིག ཚ་མོ་གཅིག་ཕ་རཱན་སི་ལ་ཡོད་རེད།
10
ང་དང་ངའི་སྐྱེས་དམན།
11
ནང་མི་གཞན་པ་རྒྱ་གར་ལ་ཡོད་རེད།
12
ངའི་སྐྱེས་དམན་གྱི་ནང་མི་ཚང་མ་བོད་ལ་ཡོད་རེད།
13
ངའི་སྐྱེས་དམན་ཡང་དགེ་རྒན་རེད།
14
བོད་ཡིག་དགེ་རྒན་རེད།
15
ང་དང་ངའི་སྐྱེས་དམན་གཉིས་ཀ་བོད་ཡིག་དགེ་རྒན་ཡིན།
16
ང་ཚོ་ལ་སློབ་ཕྲུག་མང་པོ་ཡོད།
17
སློབ་ཕྲུག་མང་ཆེ་བ་རྒྱ་མི་རེད།
18
ཡིན་ན་ཡང་། ཁོང་ཚོ་མང་ཆེ་བ་རྒྱ་གར་ལ་ཡོད་མ་རེད།
19
ཁོང་ཚོ་མང་ཆེ་བ་ལུང་པ་གཞན་པ་ལ་ཡོད་རེད།
20
ཁ་ཤས་ཨ་རི་ལ་ཡོད་རེད།
21
ཁ་ཤས་སིངྒ་པུར་ནས་རེད། ཁ་ཤས་ཧོང་ཀོང་ནས་རེད།
22
ང་ལ་དབྱིན་ཡུལ་ནས་སློབ་ཕྲུག་གསུམ་ཡོད།
23
བོད་ནས་སློབ་ཕྲུག་མེད།
24
རྒྱ་ནག་ནས་ཀྱང་སློབ་ཕྲུག་མེད།
25
ཨུ་རུ་སུ་ནས་སློབ་ཕྲུག་གཅིག་ཡོད།
26
མོ་བུ་མོ་གཅིག་རེད།
27
མོའི་ལོ་ཉི་ཤུ་ཙམ་རེད།
28
ང་ལ་འབྲུག་ནས་སློབ་ཕྲུག་མེད།
29
གཅིག་བྱས་ན། ངའི་སྐྱེས་དམན་ལ་ཡང་འབྲུག་ནས་སློབ་ཕྲུག་ཡོད་མ་རེད།
30
སྔོན་མ་ང་ལ་སོག་ཡུལ་དང་བ་རཱ་ཛིལ་ནས་སློབ་ཕྲུག་ཡོད།
31
ཡིན་ན་ཡང་། དེང་སང་ང་ལ་མེད།
32
ངའི་སྐྱེས་དམན་ལ་ལུང་པ་མང་པོ་ནས་སློབ་ཕྲུག་ཡོད་རེད།
33
ངའི་སྐྱེས་དམན་ལ་བོད་པའི་སློབ་ཕྲུག་མང་པོ་ཡོད་རེད།
34
མང་ཆེ་བ་ལོ་ཆུང་ཆུང་རེད།
35
མོ་ལ་རྒྱ་གར་ནས་སློབ་ཕྲུག་གཅིག་ཡོད་རེད།
36
ཡིན་ན་ཡང་། ཨུ་རུ་སུ་དང་སོག་ཡུལ་ནས་སློབ་ཕྲུག་ཡོད་མ་རེད།
37
ང་ཚོ་གཉིས་ཀ་དགེ་རྒན་ཡིན།
38
བོད་ཡིག་དགེ་རྒན་ཡིན།
39
ང་རྒྱ་ཡིག་གི་སློབ་ཕྲུག་ཀྱང་ཡིན།
40
ཡིན་ན་ཡང་། མོ་རྒྱ་ཡིག་གི་སློབ་ཕྲུག་མ་རེད།
41
ད་ལྟ་ང་ཚོ་གཉིས་ཀ་རྒྱ་གར་ལ་ཡོད།
42
ངའི་ཨ་མ་དང་ནུ་མོ་གཡུ་སྒྲོན་མཉམ་དུ་ཡོད་རེད།
Chapter 3
Chapter 5
Home
Stories
Reading
Curriculum
Grammar
Teachers
Articles