Tibetan Study Zone
Story Books
Tibetan Reading
Spoken Tibetan Curriculum
Grammar
Teachers
Articles
Language
English
བོད་ཡིག
简体中文
Start learning
← Thinley's Family
A1
Chapter 5
གླེང་མོལ།
A Conversation
Conversation
Vocabulary
Activities
Pronunciation
English
Tip: tap a sentence to see its meaning.
འཇམ་དབྱངས།
གྲོགས་པོ། བཀྲ་ཤིས་བདེ་ལེགས།
འཕྲིན་ལས།
བཀྲ་ཤིས་བདེ་ལེགས། གྲོགས་པོ། དེང་སང་ག་བ་ལ་ཡོད།
འཇམ་དབྱངས།
ང་དེང་སང་བལ་ཡུལ་ལ་ཡོད། ཁྱེད་རང་དེང་སང་ག་བ་ལ་ཡོད།
འཕྲིན་ལས།
ང་རྒྱ་གར་ལ་ཡོད། ཨ་མ་དང་སྐྱེས་དམན་མཉམ་དུ་ཡོད།
འཇམ་དབྱངས།
ཨ་ལད། ཁྱེད་རང་གི་སྐྱེས་དམན་ད་ལྟ་ཁྱེད་རང་གི་ནང་ལ་ཡོད་རེད་པས།
འཕྲིན་ལས།
རེད། རེད། མོ་ངའི་ནང་ལ་ཡོད་རེད། ད་མོ་རྡ་རམ་ས་ལ་(Dharamsala)ལ་བསྡད་ཀྱི་ཡོད་མ་རེད།
འཇམ་དབྱངས།
ཨ་ནི། དཔེ་ཡག་པོ་རེད། ཁྱོ་ག་དང་སྐྱེས་དམན་མཉམ་དུ་བསྡད་ན་ཡག་པོ་འདུག་བ།
འཕྲིན་ལས།
བྱས་ཙང་བྱས། ཨ་ནི། ཁྱེད་རང་སུ་མཉམ་དུ་བསྡད་ཀྱི་ཡོད།
འཇམ་དབྱངས།
ང་ཡང་ཨ་མ་མཉམ་དུ་བསྡད་ཀྱི་ཡོད། ང་ཚོ་མཉམ་དུ་ངའི་ཚ་བོ་ཡང་ཡོད་རེད། ཚ་བོ་ཆུང་ཆུང་གཅིག་ཡོད་རེད།
འཕྲིན་ལས།
ཨ་ལད། ཚ་བོ་དེ་སུའི་བུ་རེད།
འཇམ་དབྱངས།
ཁོ་ངའི་ཨ་ཅག་གི་བུ་རེད། ཡིན་ན་ཡང་། དུས་ཚོད་མང་ཆེ་བ་ང་མཉམ་དུ་བསྡད་ཀྱི་ཡོད་རེད།
འཕྲིན་ལས།
ཨ་ལད། དེང་སང་ཁྱེད་རང་ལ་འཛིན་གྲྭ་མེད་པས། ང་ལ་འཛིན་གྲྭ་དཔེ་མང་པོ་ཡོད།
འཇམ་དབྱངས།
ཡོད་དང་ཡོད། ང་ལ་ཡང་འཛིན་གྲྭ་དཔེ་མང་པོ་ཡོད། ཁྱེད་རང་གི་སློབ་ཕྲུག་མང་ཆེ་བ་ག་ནས་རེད།
འཕྲིན་ལས།
ངའི་སློབ་ཕྲུག་མང་ཆེ་བ་ཨེ་ཤི་ཡ་ནས་རེད། ཁོང་ཚོ་མང་ཆེ་བ་ཤར་ཕྱོགས་པ་རེད།
འཇམ་དབྱངས།
ཧ་ཧ། ང་གཉིས་ཀྱི་སློབ་མ་གཅིག་པ་རེད་འདུག ངའི་སློབ་མ་ཚོ་ཡང་ཤར་ཕྱོགས་པ་རེད།
འཕྲིན་ལས།
ཁྱེད་རང་ལ་ལུང་པ་གཞན་པ་ནས་སློབ་ཕྲུག་ཡོད་པས།
འཇམ་དབྱངས།
ཡོད། མང་པོ་ཡོད། ཨ་རི་ནས་ཡོད། དབྱིན་ཡུལ་ནས་ཡོད། ཕ་རཱན་སི་ནས་ཡོད། ཨུ་རུ་སུ་ནས་ཀྱང་(spoken ཡང)ཡོད།
འཕྲིན་ལས།
ང་ལ་ཡང་ཨུ་རུ་སུ་ནས་སློབ་ཕྲུག་གཉིས་ཡོད། ཁྱེད་རང་ལ་ཨུ་རུ་སུ་ནས་སློབ་ཕྲུག་ག་ཚོད་ཡོད།
འཇམ་དབྱངས།
ང་ལ་ལྔ་དྲུག་ཙམ་ཡོད། དེང་སང་ང་ལ་སློབ་ཕྲུག་མང་པོ་ཡོད།
འཕྲིན་ལས།
ཏག་ཏག་རེད། ཨ་ནི། འཛིན་གྲྭ་ཡང་མང་པོ་ཡོད་པས།
འཇམ་དབྱངས།
ཡོད་ཡོད། སློབ་ཕྲུག་མང་པོ་ཡོད་ཙང་། ཉི་མ་གཅིག་ལ་འཛིན་གྲྭ་བདུན་བརྒྱད་ཙམ་ཡོད།
འཕྲིན་ལས།
དེ་འདྲ་མང་བ་ལ། ང་ལ་དེ་འདྲ་མང་པོ་མེད། ཡིན་ན་ཡང་། འགྲིག་གི་འདུག ཉི་མ་གཅིག་ལ་འཛིན་གྲྭ་བཞི་ལྔ་ཙམ་ཡོད།
འཇམ་དབྱངས།
ཨ་ནི། གཟའ་འཇུག་ལ་འཛིན་གྲྭ་ཡོད་པས། ང་ལ་གཟའ་སྤེན་པ་ལ་འཛིན་གྲྭ་ཡོད། ཡིན་ན་ཡང་། གཟའ་ཉི་མ་གུང་གསེང་རེད།
འཕྲིན་ལས།
ང་ལ་གཟའ་སྤེན་པ་དང་གཟའ་ཉི་མ་གཉིས་ཀ་གུང་གསེང་རེད། གཟའ་འཇུག་གཉིས་ཀ་ལ་འཛིན་གྲྭ་མེད།
འཇམ་དབྱངས།
དཔེ་ཡག་པོ་རེད་འདུག ལྷོད་ལྷོད་རེད་འདུག་བ།
འཕྲིན་ལས།
རེད་རེད། ལྷོད་ལྷོད་རེད། འཛིན་གྲྭ་མང་པོ་མེད་ན་ཡག་པོ་འདུག ཧ་ཧ།
འཇམ་དབྱངས།
ཨ་ནི། འབྲུག་ནས་སློབ་ཕྲུག་ཡོད་པས།
འཕྲིན་ལས།
མེད། ང་ལ་འབྲུག་ནས་སློབ་ཕྲུག་མེད།
འཇམ་དབྱངས།
ང་ལ་འབྲུག་ནས་སློབ་ཕྲུག་གཅིག་ཡོད། སློབ་ཕྲུག་དེ་བུ་མོ་གཅིག་རེད། མོ་ད་ལྟ་ཨ་ནི་རེད། ཡིན་ན་ཡང་མོའི་བོད་སྐད་ཡག་པོ་མི་འདུག རྫོང་ཁ་དཔེ་ཡག་པོ་འདུག
འཕྲིན་ལས།
མོ་ས་ཆ་ག་བ་ལ་ཨ་ནི་རེད། འབྲུག་ལ་རེད་པས།
འཇམ་དབྱངས།
རེད། རེད། མོ་འབྲུག་ལ་ཨ་ནི་རེད། ཡིན་ན་ཡང། འབྲུག་སྐད་དང་བོད་སྐད་གཉིས་ཀྱི་ཡི་གེ་གཅིག་པ་རེད་འདུག
འཕྲིན་ལས།
ཨ་ལད། དེ་འདྲ་ཡིན་ན། ལས་སླ་པོ་རེད་འདུག་བ། མི་འདུག་བས།
འཇམ་དབྱངས།
དཔེ་ལས་སླ་པོ་རེད་འདུག ཡིན་ན་ཡང་། མོ་ལ་དུས་ཚོད་མང་པོ་མི་འདུག བྱས་ཙང་། བདུན་ཕྲག་གཅིག་ལ་འཛིན་གྲྭ་གཅིག་གཅིག་པུ་ཡོད།
འཕྲིན་ལས།
ཨ་ལད། ཡ་ཡ། འགྲིག་གི་ཡོད་རེད། ཨ་ནི། གྲོགས་པོ། ད་ལྟ་ང་ལ་འཛིན་གྲྭ་གཅིག་ཡོད། རྗེས་ལ་སྐད་ཆ་བཤད་གོ
འཇམ་དབྱངས།
ཡ་ཡ། ཏག་ཏག་རེད། ང་ལ་ཡང་འཛིན་གྲྭ་གཅིག་ཡོད། རྗེས་ལ་མཇལ་ཡོང།
འཕྲིན་ལས།
འོ། ཡ་ཡ། རྗེས་ལ་མཇལ་ཡོང།
Chapter 4
Chapter 6
Home
Stories
Reading
Curriculum
Grammar
Teachers
Articles