Tibetan Study Zone
Story Books
Tibetan Reading
Spoken Tibetan Curriculum
Grammar
Teachers
Articles
Language
English
བོད་ཡིག
简体中文
Start learning
← Lhamo's Story
A2
Chapter 1
ལྷ་མོ་བོད་ནས་ཡོང་ཚུལ།
Lhamo Bö né yong-tsül
Lhamo's Journey from Tibet
Conversation
Activities
Pronunciation
English
Tip: tap a sentence to see its meaning.
དྲི་མཁན།
ཁྱེད་རང་གི་མིང་ག་རེ་རེད།
ལྷ་མོ།
ངའི་མིང་ཆ་ཚང་ལ་ལྷ་མོ་རེད།
དྲི་མཁན།
ཁྱེད་རང་གི་ལོ་ག་ཚོད་ཡིན།
ལྷ་མོ།
ངའི་ལོ་ཉི་ཤུ་རྩ་དགུ་ཡིན།
དྲི་མཁན།
ཁྱེད་རང་རྒྱ་གར་གྱི་ས་ཆ་ག་བ་ལ་སྡོད་ཀྱི་ཡོད།
ལྷ་མོ།
ང་རྒྱ་གར་གྱི་ས་ཆ་རྡ་རམ་ས་ལ་ལ་སྡོད་ཀྱི་ཡོད།
དྲི་མཁན།
ཁྱེད་རང་གི་སློབ་གྲྭའི་མིང་ག་རེ་རེད།
ལྷ་མོ།
ངའི་སློབ་གྲྭའི་མིང་ལ་མ་སུ་རི་རེད།
དྲི་མཁན།
ཁྱེད་རང་འཛིན་གྲྭ་ག་ཚོད་བར་དུ་འགྲོ་མྱོང་ཡོད།
ལྷ་མོ།
ང་མཐོ་སློབ་བར་དུ་འགྲོ་མྱོང་ཡོད།
དྲི་མཁན།
ཁྱེད་རང་གིས་སློབ་གྲྭ་ལ་སློབ་ཚན་ག་ཚོད་སྦྱང་མྱོང་ཡོད།
ལྷ་མོ།
སློབ་གྲྭ་ལ་སློབ་ཚན་ ༦ སྦྱང་མྱོང་ཡོད།
དྲི་མཁན།
ཁྱེད་རང་གི་སློབ་ཚན་དགའ་ཤོས་ག་རེ་རེད།
ལྷ་མོ།
ངའི་སློབ་ཚན་དགའ་ཤོས་བོད་ཡིག་སློབ་ཚན་རེད།
དྲི་མཁན།
ཁྱེད་རང་སློབ་གྲྭ་དེ་ལ་དགའ་པོ་ཡོད་པས།
ལྷ་མོ།
ང་སློབ་གྲྭ་དེ་ལ་དཔེ་དགའ་པོ་ཡོད། སློབ་གྲྭ་དེ་ངའི་ནང་འདྲ་པོ་རེད།
དྲི་མཁན།
ཁྱེད་རང་སློབ་གྲྭ་ལ་གང་འདྲ་འགྲོ་ཡི་ཡོད།
ལྷ་མོ།
ང་ཚོ་སློབ་གྲྭ་ལ་གོམ་པ་བརྒྱབ་ནས་འགྲོ་ཡི་ཡོད།
དྲི་མཁན།
སློབ་གྲྭ་ཆུ་ཚོད་ག་ཚོད་ལ་འགོ་འཛུགས་ཀྱི་ཡོད་རེད།
ལྷ་མོ།
ངའི་བསམ་པ་ལ་སློབ་གྲྭ་ཞོགས་པ་ཆུ་ཚོད་བརྒྱད་པ་ལ་འགོ་འཛུགས་ཀྱི་ཡོད་ས་རེད།
དྲི་མཁན།
སློབ་གྲྭ་ཆུ་ཚོད་ག་ཚོད་ལ་གྲོལ་གྱི་ཡོད་རེད།
ལྷ་མོ།
སློབ་གྲྭ་ཆུ་ཚོད་ལྔ་པ་ལ་གྲོལ་གྱི་ཡོད་ས་རེད།
དྲི་མཁན།
ཁྱེད་རང་སློབ་གྲྭ་ལ་སྒྲིག་ཆས་གྱོན་གྱི་ཡོད་པས།
ལྷ་མོ།
ཡོད། ང་ཚོས་སློབ་གྲྭ་ལ་སྒྲིག་ཆས་གྱོན་གྱི་ཡོད།
དྲི་མཁན།
སློབ་གྲྭའི་སྒྲིག་ཆས་ཀྱི་ཚོན་མདོག་ག་རེ་རེད།
ལྷ་མོ།
སློབ་གྲྭའི་སྒྲིག་ཆས་ལ་ཚོན་མདོག་གསུམ་ཡོད་རེད། ལྗང་ཁུ་དང་ཐལ་མདོག དཀར་པོ་གསུམ་ཡོད་རེད།
དྲི་མཁན།
ཁྱེད་རང་གི་འཛིན་གྲྭ་ལ་སློབ་ཕྲུག་ག་ཚོད་ཡོད་རེད།
ལྷ་མོ།
འཛིན་གྲྭ་ལ་སློབ་ཕྲུག་སུམ་ཅུ་ཙམ་ཡོད་རེད།
དྲི་མཁན།
སློབ་གྲྭ་ལ་གྲོགས་པོ་དང་གྲོགས་མོ་མང་པོ་ཡོད་པས།
ལྷ་མོ།
སློབ་གྲྭ་ལ་གྲོགས་པོ་དང་གྲོགས་མོ་མང་པོ་ཡོད།
དྲི་མཁན།
སློབ་གྲྭ་ལ་ཉིན་གུང་ཁ་ལག་ག་རེ་ག་རེ་ཡོད་རེད།
ལྷ་མོ།
སློབ་གྲྭ་ལ་ཉིན་གུང་ཁ་ལག་གཙོ་བོ་འབྲས་དང་དཱ་ལི་རེད། གཟའ་མཇུག་ལ་ཁ་ལག་དམིགས་བསལ་ཡོད་རེད།
དྲི་མཁན།
ཁྱེད་རང་གི་ནང་ནས་ཁ་ལག་ཁྱེར་ཡོང་གི་ཡོད་པས།
ལྷ་མོ།
ང་ཚོ་ནང་ལབ་ན་ཁྱིམ་ཚང་རེད་བ། བྱས་ཙང་ཁྱིམ་ཚང་ནས་ཕྲུ་གུ་ཚང་མའི་ཆེད་དུ་ཁ་ལག་ཁྱེར་ནས་ཡོང་གི་ཡོད། དེ་ནས་ཚང་མ་མཉམ་དུ་ཟ་ཡི་ཡོད།
དྲི་མཁན།
ཁྱེད་རང་རྒྱ་གར་གྱི་ཁ་ལག་ལ་དགའ་པོ་ཡོད་པས།
ལྷ་མོ།
ང་རྒྱ་གར་གྱི་ཁ་ལག་ལ་ཨོ་ཙམ་དགའ་པོ་ཡོད།
དྲི་མཁན།
ཁྱེད་རང་གི་རྒྱ་གར་གྱི་ཁ་ལག་ཞིམ་ཤོས་ག་རེ་རེད།
ལྷ་མོ།
རྒྱ་གར་གྱི་ཁ་ལག་ཞིམ་ཤོས་དེ་ནན་དང་དཱ་ལི་ཡིན།
དྲི་མཁན།
ཁྱེད་རང་གིས་ཉི་མ་རྟག་པར་ནང་སྦྱོང་བྱེད་ཀྱི་ཡོད་པས།
ལྷ་མོ།
ད་ལྟ་ང་འཛིན་གྲྭ་ལ་འགྲོ་ཡི་ཡོད། བྱས་ཙང་ཉི་མ་རྟག་པར་ནང་སྦྱོང་ཏོག་ཙམ་བྱེད་ཀྱི་ཡོད།
དྲི་མཁན།
ཁྱེད་རང་གིས་ནང་ལ་ནང་སྦྱོང་ཡུན་རིང་པོ་བྱེད་ཀྱི་ཡོད་པས།
ལྷ་མོ།
ནང་སྦྱོང་དཀའ་ལས་ཁག་པོ་ཡོད་ན་ཡུན་རིང་པོ་བྱེད་ཀྱི་ཡོད། ལས་སླ་པོ་ཡོད་ན་དུས་ཚོད་ཐུང་ཐུང་བྱེད་ཀྱི་ཡོད།
དྲི་མཁན།
ནང་སྦྱོང་བྱེད་པའི་སྐབས་སུ་དང་སུས་རོགས་པ་བྱེད་ཀྱི་འདུག
ལྷ་མོ།
ཁྱིམ་ཚང་ནང་གི་ཅོ་ཅོ་དང་ཨ་ཅག་ཚོས་རོགས་པ་བྱེད་ཀྱི་འདུག
དྲི་མཁན།
ཁྱེད་རང་གིས་ནང་སྦྱོང་བྱེད་པའི་སྐབས་སུ་གློག་ཀླད་བེད་སྤྱོད་བྱེད་ཀྱི་ཡོད་པས།
ལྷ་མོ།
སློབ་གྲྭའི་སྐབས་སུ་གློག་ཀླད་བེད་སྤྱོད་བྱེད་ཀྱི་མེད། ཡིན་ན་ཡང་མཐོ་སློབ་ཀྱི་སྐབས་སུ་བེད་སྤྱོད་བྱེད་ཀྱི་ཡོད།
དྲི་མཁན།
ཁྱེད་རང་གི་སློབ་གྲྭའི་སྐོར་ལ་སྐྱིད་ཤོས་ག་རེ་རེད་འདུག
ལྷ་མོ།
གུང་གསེང་གི་སྐབས་སུ་ཁྱིམ་ཚང་གི་པ་ལགས་ཀྱིས་རི་སྒང་ལ་དང་ཁྲོམ་ལ་ཁྲིད་པ་དེ་སྐྱིད་ཤོས་རེད་འདུག ད་དུང་ཡང་དེ་ཚོ་དྲན་གྱི་འདུག
དྲི་མཁན།
སློབ་གྲྭ་ལ་སྐད་ཡིག་ག་ཚོད་སྦྱངས་མྱོང་ཡོད།
ལྷ་མོ།
སྐད་ཡིག་གསུམ་སྦྱང་མྱོང་ཡོད།
དྲི་མཁན།
ཁྱེད་རང་གིས་ཧིན་དི་སྐད་རྒྱག་ཤེས་ཀྱི་ཡོད་པས།
ལྷ་མོ།
ཏོག་ཙམ་ཤེས་ཀྱི་ཡོད།
དྲི་མཁན།
ཁྱེད་རང་གིས་དབྱིན་སྐད་རྒྱག་ཤེས་ཀྱི་ཡོད་པས།
ལྷ་མོ།
དབྱིན་སྐད་ཀྱང་ཨོ་ཙམ་ཤེས་ཀྱི་ཡོད།
དྲི་མཁན།
རྒྱ་གར་ལ་བསྡད་ནས་ལོ་ག་ཚོད་འགྲོ་སོང་།
ལྷ་མོ།
རྒྱ་གར་ལ་བསྡད་ནས་ལོ་བཅུ་དགུ་ཙམ་འགྲོ་སོང།
དྲི་མཁན།
ཁྱེད་རང་གིས་ནང་དྲན་གྱི་འདུག་བས།
ལྷ་མོ།
ཡིན་དང་ཡིན། དཔེ་དྲན་གྱི་འདུག
དྲི་མཁན།
ཁྱེད་རང་གིས་མང་ཤོས་ག་རེ་དྲན་གྱི་འདུག
ལྷ་མོ།
ནང་མི་མཉམ་དུ་ཁ་ལག་བཟས་ནས་བསྡད་པ་དེ་དྲན་གྱི་འདུག
དྲི་མཁན།
ཁྱེད་རང་གིས་ནང་མི་མཉམ་དུ་སྐད་ཆ་ཡང་ཡང་ཤོད་ཀྱི་ཡོད་པས།
ལྷ་མོ།
རྟག་པར་བཤད་ཀྱི་མེད། ཡིན་ན་ཡང། བདུན་ཕྲག་གཅིག་ལ་ཐེངས་གཅིག་ཙམ་བཤད་ཀྱི་ཡོད།
དྲི་མཁན།
རྒྱ་གར་ལ་ནང་མི་ཡོད་པས།
ལྷ་མོ།
རྒྱ་གར་ལ་ནང་མི་མེད།
དྲི་མཁན།
རྒྱ་གར་ལ་སུ་མཉམ་དུ་སྡོད་ཀྱི་ཡོད།
ལྷ་མོ།
ང་རང་གཅིག་པུ་སྡོད་ཀྱི་ཡོད།
དྲི་མཁན།
རྒྱ་གར་ལ་བསྡད་ན་སྐྱིད་པོ་འདུག་གས།
ལྷ་མོ།
ཨོ་ཙམ་འདུག
དྲི་མཁན།
རྒྱ་གར་ལ་གྲོགས་པོ་དང་གྲོགས་མོ་མང་ལོད་ཡོད།
ལྷ་མོ།
རྒྱ་གར་ལ་གྲོགས་པོ་གྲོགས་མོ་དཔེ་མང་པོ་ཡོད།
དྲི་མཁན།
བོད་པའི་གྲོགས་པོ་དང་གྲོགས་མོ་ག་ཚོད་ཡོད།
ལྷ་མོ།
བོད་པའི་གྲོགས་པོ་གྲོགས་མོ་མང་པོ་ཡོད།
དྲི་མཁན།
རྒྱ་གར་བའི་གྲོགས་པོ་དང་གྲོགས་མོ་ཡོད་པས།
ལྷ་མོ།
རྒྱ་གར་བའི་གྲོགས་པོ་གྲོགས་མོ་མེད།
དྲི་མཁན།
གཟའ་མཇུག་ལ་ག་རེ་ག་རེ་བྱེད་ཀྱི་ཡོད།
ལྷ་མོ།
གཟའ་མཇུག་ལ་གཙོ་བོ་ནང་གཙང་མ་བཟོས། ཡང་མཚམས་མཚམས་གྲོགས་པོ་གྲོགས་མོ་མཉམ་དུ་འཆམ་འཆམ་ལ་འགྲོ། མཚམས་མཚམས་ལྟད་མོ་འདྲ་བལྟ། མཚམས་མཚམས་དེབ་ཀློག་གི་ཡོད།
དྲི་མཁན།
ཁྱེད་རང་གིས་སློབ་གྲྭ་ལ་རྩེད་མོ་རྩེ་ཡི་ཡོད་པས།
ལྷ་མོ།
ངས་སློབ་གྲྭ་ལ་རྩེད་མོ་རྩེ་ཡི་མེད།
དྲི་མཁན།
ཁྱེད་རང་རྩེད་མོ་རྩེ་ཡ་ལ་དགའ་པོ་མེད་ན་གཞན་ག་རེ་བྱེད་ཀྱི་ཡོད།
ལྷ་མོ།
སློབ་གྲྭའི་སྐབས་སུ་དེབ་ཀློག་ཡ་ལ་དགའ་པོ་ཡོད།
དྲི་མཁན།
ཁྱེད་རང་གཞས་ཉན་ཡ་དགའ་པོ་ཡོད་པས།
ལྷ་མོ།
ཨོ་ཙམ་དགའ་པོ་ཡོད།
དྲི་མཁན།
གཞས་ག་རེ་ཉན་ཡ་དགའ་པོ་ཡོད།
ལྷ་མོ།
བོད་གཞས་དང་རྒྱ་གཞས་ཉན་ཡ་དགའ་པོ་ཡོད།
དྲི་མཁན།
ཁྱེད་རང་གཞས་གཏང་ཡ་དང་འཁྲབ་ཡ་ག་རེ་ལ་དགའ་བ་ཡོད།
ལྷ་མོ།
གཞས་གཏོང་སྟངས་དང་འཁྲབ་སྟངས་ཤེས་ཀྱི་མེད། ཡིན་ན་ཡང་། གཅིག་པུ་ཡིན་དུས་མཚམས་མཚམས་གཞས་གཏོང་གི་ཡོད།
དྲི་མཁན།
སློབ་གྲྭའི་རྗེས་ལ་ག་རེ་བྱེད་ཀྱི་ཡོད།
ལྷ་མོ།
སློབ་གྲྭའི་རྗེས་ལ་ཇ་འཐུང་། དེ་ནས་ཁྱིམ་ཚང་གཙང་མ་བཟོས། ཞལ་འདོན་སྐྱོར། རང་སྦྱོང་སོགས་བྱེད་ཀྱི་ཡོད།
དྲི་མཁན།
ཁྱེད་རང་དེབ་ཀློག་ཡ་དགའ་པོ་ཡོད་པས།
ལྷ་མོ།
སློབ་གྲྭའི་སྐབས་ལ་དེབ་ཀློག་ཡ་དཔེ་དགའ་པོ་ཡོད།
དྲི་མཁན།
དེབ་ག་རེ་ག་རེ་ཀློག་ཡ་དགའ་པོ་ཡོད།
ལྷ་མོ།
སྒྲུང་དེབ་ཐུང་ཐུང་དེ་འདྲ་ཀློག་ཡ་དགའ་པོ་ཡོད།
དྲི་མཁན།
ཁྱེད་རང་གིས་ལྟད་མོ་ལྟ་ཡི་ཡོད་པས།
ལྷ་མོ།
སློབ་གྲྭའི་ནང་ལ་གཟའ་མཇུག་ལ་ལྟད་མོ་ལྟ་ཡི་ཡོད།
དྲི་མཁན།
ལྟད་མོ་དགའ་ཤོས་ག་རེ་ཡིན།
ལྷ་མོ།
བོད་པའི་ལྟད་མོ་ལ་དགའ་པོ་ཡོད།
དྲི་མཁན།
ཁྱེད་རང་ཡིག་ཚད་ལ་དགའ་པོ་ཡོད་པས།
ལྷ་མོ།
ཡིག་ཚད་ལ་དགའ་པོ་མེད།
དྲི་མཁན།
ཡིག་ཚད་སླེབས་དུས་གང་འདྲ་ཚོར་གྱི་འདུག
ལྷ་མོ།
སེམས་ནང་ཞེད་སྣང་ཤུགས་ཆེན་པོ་ཞེ་པོ་འདུག
དྲི་མཁན།
ཁྱེད་རང་གིས་གཅིག་པུ་བསྡད་ནས་སྦྱོང་གི་ཡོད། རོགས་པ་མཉམ་དུ་སྦྱོང་གི་ཡོད།
ལྷ་མོ།
མང་ཆེ་བ་ང་རང་གཅིག་པུ་སྦྱོང་གི་ཡོད། ཡིན་ན་ཡང་། མཚམས་མཚམས་བགྲོ་གླེང་བྱས་ནས་སྦྱོང་གི་ཡོད།
དྲི་མཁན།
ཁྱེད་རང་སློབ་གྲྭའི་ཡུལ་སྐོར་ལ་འགྲོ་ཡ་དགའ་པོ་ཡོད་པས།
ལྷ་མོ།
སློབ་གྲྭ་ཡུལ་སྐོར་ལབ་ན་ཤེས་ཡོན་སྐོར་བསྐྱོད་ཟེར་བ་ཞིག་ཡོད་རེད། དེ་ལ་འགྲོ་མྱོང་ཡོད། འགྲོ་ཡ་ལ་ཡང་དཔེ་དགའ་པོ་ཡོད།
དྲི་མཁན།
སློབ་གྲྭའི་དྲན་རྟེན་ཡག་ཤོས་དེ་ག་རེ་རེད།
ལྷ་མོ།
ཁྱིམ་ཚང་གཅིག་པ་མཉམ་དུ་རི་སྒང་ལ་འགྲོ་བ་དེ་དྲན་རྟེན་ཡག་ཤོས་ཡིན།
དྲི་མཁན།
སློབ་གྲྭ་ལ་ཉོབ་དུས་ག་རེ་བྱེད་ཀྱི་ཡོད།
ལྷ་མོ།
སློབ་གྲྭ་ཙམ་མ་རེད། ག་དུས་ཡིན་ན་ཡང་ཉོབ་དུས་ཉལ་གྱི་ཡོད། གཉིད་སད་དུས་ཏོག་ཙམ་ལྷོད་ལྷོད་དང་སྐྱིད་པོ་འདུག
Chapter 2
Home
Stories
Reading
Curriculum
Grammar
Teachers
Articles