Tibetan Study Zone
Story Books
Tibetan Reading
Spoken Tibetan Curriculum
Grammar
Teachers
Articles
Language
English
བོད་ཡིག
简体中文
Start learning
← Lhamo's Story
A2
Chapter 2
ལྷ་མོའི་རྒྱ་གར་གྱི་མི་ཚེ།
Lhamo’i Gyagar gyi mi-tse
Lhamo's Life in India
Conversation
Activities
Pronunciation
English
Tip: tap a sentence to see its meaning.
དྲི་མཁན།
ཁྱེད་རང་དང་པོ་རྒྱ་གར་ལ་ཡོང་དུས་རྒྱ་གར་གྱི་སྐད་ཤེས་ཀྱི་ཡོད་པས།
ལྷ་མོ།
རྒྱ་གར་གྱི་སྐད་གཅིག་ཀྱང་ཤེས་ཀྱི་མེད།
དྲི་མཁན།
བལ་ཡུལ་ལ་ཁྱེད་རང་ལ་གྲོགས་པོ་ག་ཚོད་ཡོད།
ལྷ་མོ།
ང་ལ་གྲོགས་པོ་གྲོགས་མོ་གཉིས་ཡོད།
དྲི་མཁན།
གྲོགས་པོ་ཚོ་སུ་དང་སུ་རེད།
ལྷ་མོ།
ངའི་གྲོགས་མོའི་མིང་ལ་དབྱངས་འཛོམས་དང་གྲོགས་པོའི་མིང་ལ་འཇིགས་མེད་ཟེར་གྱི་ཡོད་རེད།
དྲི་མཁན།
གྲོགས་པོ་དེ་ཚོ་ཁྱེད་རང་གི་ག་རེ་འདྲ་པོ་ཡོད་རེད།
ལྷ་མོ།
ཁོང་ཚོ་ངའི་ནང་མི་དང་འདྲ་པོ་རེད།
དྲི་མཁན།
ཁྱེད་རང་སློབ་གྲྭ་ག་བ་ལ་འགྲོ་ཡིན།
ལྷ་མོ།
ང་མ་སུ་རི་བོད་ཁྱིམ་ལ་འགྲོ་ཡིན།
དྲི་མཁན།
སློབ་གྲྭ་ལ་སྐྱིད་པོ་འདུག་བས།
ལྷ་མོ།
སློབ་གྲྭ་ལ་དཔེ་སྐྱིད་པོ་འདུག
དྲི་མཁན།
སློབ་གྲྭའི་སློབ་ཕྲུག་ཚང་མ་ག་ནས་རེད།
ལྷ་མོ།
སློབ་གྲྭའི་སློབ་ཕྲུག་མང་ཆེ་བ་བོད་ནས་རེད།
དྲི་མཁན།
ཁྱེད་རང་རྒྱ་གར་ལ་སླེབས་དུས་ལོ་ག་ཚོད་རེད།
ལྷ་མོ།
ང་རྒྱ་གར་ལ་སླེབས་དུས་ལོ་༡༠་ཡིན།
དྲི་མཁན།
ཁྱེད་རང་རྒྱ་གར་གྱི་སྐད་སྦྱང་མྱོང་ཡོད་པས།
ལྷ་མོ།
ང་ཚོས་འཛིན་གྲྭ་དྲུག་པ་ནས་རྒྱ་གར་གྱི་ཡི་གེ་དང་སྐད་ཏོག་ཙམ་སྦྱོང་གི་རེད།
དྲི་མཁན།
སློབ་གྲྭ་ལ་སློབ་ཚན་ག་རེ་ག་རེ་ཡོད་རེད།
ལྷ་མོ།
སློབ་གྲྭ་ལ་གཙོ་བོ་སློབ་ཚན་ལྔ་ཡོད་རེད། བོད་ཡིག དབྱིན་ཇི། ཨང་རྩིས། ཚན་རིག སྤྱི་ཚོགས་ཚན་རིག་རེད།
ལྷ་མོ།
མཚམས་མཚམས་རི་མོ་དང་གཞས། ལུས་རྩལ་འཛིན་གྲྭ་ཡང་ཡོད་རེད།
དྲི་མཁན།
སློབ་གྲྭ་ག་བ་ལ་ཡོད་རེད།
ལྷ་མོ།
སློབ་གྲྭ་རྒྱ་གར་གྱི་ས་ཆ་མ་སུ་རི་ལ་ཡོད་རེད།
དྲི་མཁན།
སློབ་གྲྭ་ལ་རྩེད་མོ་རྩེ་ཡི་ཡོད་པས།
ལྷ་མོ།
སློབ་གྲྭ་ལ་རྩེད་མོ་རྩེ་ཡ་དེ་ཙམ་དགའ་པོ་མེད།
དྲི་མཁན།
ད་ལྟ་ཁྱེད་རང་གིས་སྐད་ཡིག་ག་ཚོད་ཤེས་ཀྱི་ཡོད། ག་རེ་ག་རེ་རེད།
ལྷ་མོ།
ད་ལྟ་ངས་བོད་སྐད་དང་དབྱིན་ཇི་སྐད། རྒྱ་སྐད། རྒྱ་གར་སྐད་ཏོག་ཙམ་ཤེས་ཀྱི་ཡོད།
དྲི་མཁན།
རྗེས་མ་བོད་ལ་འགྲོ་རྩིས་ཡོད་པས།
ལྷ་མོ།
བོད་ལ་འགྲོ་འདོད་འདུག གོ་སྐབས་རག་ན་འགྲོ་ཡི་ཡིན།
Chapter 1
All chapters
Home
Stories
Reading
Curriculum
Grammar
Teachers
Articles