Tibetan Study Zone
Story Books
Tibetan Reading
Spoken Tibetan Curriculum
Grammar
Teachers
Articles
Language
English
བོད་ཡིག
简体中文
Start learning
← Sarah College Spoken Tibetan Textbook
A2
Chapter 2
ཉོ་མཁན། ཚོང་དཔོན།
Ngokhen Tsongkhen
Buyer and Seller
Video lesson
Watch on YouTube
Conversation
Activities
Pronunciation
English
Tip: tap a sentence to see its meaning.
ཉོ་མཁན།
ཚོང་དཔོན་ལགས། ཁྱེད་རང་ལ་སོ་སྨན་ཡོད་པས། ང་ལ་སོ་སྨན་གཅིག་དགོས་ཀྱི་འདུག
ཚོང་པ།
ཡོད་རེད། ཟུར་དེ་ལ་ཡོད་རེད། གཅིག་ལྟ་དང་། སོ་སྨན་གྱི་རིགས་མང་པོ་ཡོད་རེད། ག་རེ་དགོས་པ་གདམ་དང་།
ཉོ་མཁན།
ལགས་སོ། ཡི་ཙི་ཡང་གཅིག་དགོས་འདུག ཡི་ཙི་དང་སོ་སྨན་ཚང་མ་མཉམ་དུ་ཡོད་རེད་པས།
ཚོང་པ།
ཡི་ཙི་དང་སོ་སྨན་ཚང་མ་མཉམ་དུ་བཞག་ཡོད་རེད། ཁྱེད་རང་ལ་ཡི་ཙི་གང་འདྲ་དགོས་ཀྱི་འདུག
ཉོ་མཁན།
ང་ལ་དུག་སློག་བཀྲུ་ཡ་ཡི་ཙི་དགོས་ཀྱི་འདུག
ཚོང་པ།
དུག་སློག་བཀྲུ་ཡ་ཨེ། དུག་སློག་བཀྲུ་ཡ་ཡི་ཙི་དེ་རྒྱབ་ལོགས་ལ་ཡོད་རེད། སོ་སྨན་དང་མཉམ་དུ་ཡོད་མ་རེད། ངས་གཟུགས་པོ་བཀྲུ་ཡ་ཡི་ཙི་ལབ་ཀྱི་འདུག་བསམས་སོང་།
ཉོ་མཁན།
ཨ་ལད། མ་རེད་མ་རེད། ང་ལ་དུག་སློག་བཀྲུ་ཡ་ཡི་ཙི་གཅིག་དགོས་ཀྱི་འདུག
ཚོང་པ།
ཁྱེད་རང་མཐོ་སློབ་འདི་ལ་གསར་པ་ཡིན་པས། ད་ལོ་གསར་པ་འཛུལ་ཡིན་པས།
ཉོ་མཁན།
ཡིན། ཡིན། ང་ད་ལོ་གསར་པ་འཛུལ་བ་ཡིན། མཐོ་སློབ་འདི་ལ་གསར་པ་ཡིན་དུས། ནམ་རྒྱུན་དགོས་མཁོ་ཆེ་བའི་ཅ་ལག་ཁ་ཤས་ཉོ་དགོས་ཀྱི་འདུག ཚོང་ཁང་འདི་ལ་ཅ་ལག་མང་ཆེ་བ་ཡོད་ས་རེད།
ཚོང་པ།
ཡོད་རེད། ཚོང་ཁང་འདི་གཙོ་བོ་མཐོ་སློབ་འདིའི་སློབ་ཕྲུག་གི་ཆེད་དུ་བཟོས་པ་གཅིག་རེད། བྱས་ཙང་། ཅ་ལག་ག་རེ་དགོས་པ་མང་ཆེ་བ་རག་གི་རེད། ཁྱེད་རང་གིས་ཚོང་ཁང་གི་ཟུར་ཚང་མ་ལ་སྐོར་ར་གཅིག་བརྒྱབ་དང་། གཞན་པ་དགོས་ཡོད་པ་མཐོང་ན་ཉོ་ཆོག་གི་རེད་བ།
ཉོ་མཁན།
རེད། ཚོང་དཔོན་ལགས་ཀྱིས་བདེན་པ་འདྲ་གསུངས་སོང་དང་། འདི་ལ་སྒོ་ང་ཡང་འདུག་བ། སྒོ་ང་ཆག་པ་གཅིག་སྤྲོད་དང་།
ཚོང་པ།
ཁྱེད་རང་གིས་སྒོ་ང་ཡག་ག་བདམ་ནས་ལེན་དང་། ང་ལ་འདི་ལ་ལས་ཀ་གཅིག་འདུག
ཉོ་མཁན།
འོ། ཨ་ནི། འབྱིད་ཤོག་ཀྱང་སྤྲད་རོགས་བྱེད་དང་། གསང་སྤྱོད་ལ་ག་དུས་ཡིན་ན་ཡང་འགྲོ་དགོས་ཀྱི་རེད། བེད་སྤྱོད་ཆེ་ཤོས་གཅིག་རེད།
ཚོང་པ།
ངས་ལབ་སོང་བ། ཚོང་ཁང་ལ་སྐོར་ར་གཅིག་བརྒྱབ། ཚོང་ཁང་ལ་སྐོར་ར་མ་བརྒྱབ་བར་དུ་ག་རེ་དགོས་ཡོད་མེད་དྲན་གྱི་མ་རེད།
ཉོ་མཁན།
དངོས་གནས་བདེན་པ་གསུངས་སོང་དང་། དངོས་གནས་དྲན་ས་མ་རེད། ངས་ཡང་བསྐྱར་གཅིག་ལྟ་ཡི་ཡིན། ང་ལ་ཆུ་འགྱིག་དམ་གསུམ་སྤྲད་དང་།
ཚོང་པ།
ཁྱེད་རང་ལ་ཆུ་འགྱིག་དམ་གསུམ་དགོས་མ་རེད། གཅིག་ཉོས་ན་འགྲིག་གི་རེད། ཆུ་འགྱིག་དམ་གཅིག་དེ་རྫོགས་ན་འགྱིག་དམ་དེ་བེད་སྤྱོད་བྱས་ནས། མཐོ་སློབ་ཀྱི་འཐུང་ཆུ་གཟེད་ཡ་ཡོད་རེད།
ཉོ་མཁན།
ཨ་ལད། མཐོ་སློབ་འདི་ལ་འཐུང་ཆུ་ཡོད་རེད་པས། ངས་མཐོ་སློབ་འདི་ལ་སྐོར་ར་གཅིག་བརྒྱབ་ཡིན། ཡིན་ན་ཡང་། དེ་འདྲ་འཐུང་ཆུ་གཅིག་མཐོང་མ་སོང་། Buyer: Oh. Does this college have drinking water? I walked around this college. However, I didn't see any such
ཚོང་པ།
ཡོད་རེད། ཡོད་རེད། རྒན་ལགས་ཀྱི་སྡོད་ཤག་གྱི་རྒྱབ་ལ་ཡོད་རེད།
ཉོ་མཁན།
རྒན་ལགས་ཀྱི་སྡོད་ཤག་དེའི་རྒྱབ་ལ་འགྲོ་ས་ཡོད་རེད་པས། ངས་དེ་འདྲ་མཐོང་མ་སོང་།
ཚོང་པ།
ཡོད་རེད། ཡོད་རེད། ཁྱེད་རང་གིས་སློབ་ཕྲུག་རྙིང་པ་ཚོ་ལ་སྐད་ཆ་དྲིས་དང་། ཁོང་ཚོས་ལམ་ཁ་སྟོན་གྱི་རེད། དེ་མིན་ན། ངས་འགྲེལ་བཤད་བརྒྱབ་ནས་ལམ་ཁ་ཧ་གོ་ཡི་མ་རེད། ལམ་ཁ་ཏོག་ཙམ་ཅ་ཟིང་པོ་ཡོད་རེད།
ཉོ་མཁན།
ཡ་ཡ། ལགས་སོ། ངས་ཁོང་ཚོ་ལ་སྐད་ཆ་འདྲི་ཡོང་། ཨ་ནི། ཅ་ལག་དེ་ཚོ་ལ་སྒོར་མོ་ག་ཚོད་ཆགས་སོང་།
ཚོང་པ།
ཁྱོན་བསྡོམས་སྒོར་མོ་ཉིས་བརྒྱ་བདུན་ཅུ་དོན་ལྔ་རེད་འདུག ཚོང་ཁང་འདི་ལ་ཏོག་ཙམ་གོང་ཁེ་པོ་ཡོད་རེད། གཞན་པ་ལ་གོང་ཆེན་པོ་ཡོད་རེད།
ཉོ་མཁན།
ལགས་སོ། ཡིན་ས་རེད། ཅ་ལག་མང་པོ་དེ་འདྲ་ཉོས་ན་ཡང་། གོང་ཞེ་དྲག་འགྲོ་མ་སོང་།
ཚོང་པ།
རེད་རེད། སློབ་ཕྲུག་ལ་གོང་ཆེན་པོ་བརྒྱབ་ཀྱི་མ་རེད།
ཉོ་མཁན།
ལགས་སོ། ཐུགས་རྗེ་ཆེ་ལགས།
Chapter 1
Chapter 3
Home
Stories
Reading
Curriculum
Grammar
Teachers
Articles