Tibetan Study Zone
Story Books
Tibetan Reading
Spoken Tibetan Curriculum
Grammar
Teachers
Articles
Language
English
བོད་ཡིག
简体中文
Start learning
← Sarah College Spoken Tibetan Textbook
A2
Chapter 3
ཞོག་ཁོག་དང་བག་ལེབ་བཟོ་སྟངས།
Shok-khok dhang bhak-lep zo-tang
How to Make Potatoes and Flatbread
Video lesson
Watch on YouTube
Conversation
Activities
Pronunciation
English
Tip: tap a sentence to see its meaning.
བུ།
ཨ་མ་ལགས། ང་གྲོད་ཁོག་ཞེ་དྲག་ལྟོགས་ཀྱི་འདུག ཁ་ལག་བཟོས་ཚར་ཡིན་པས།
ཨ་མ།
ད་ལྟ་བཟོས་ཚར་མེད། དེ་རིང་ངས་བག་ལེབ་དང་ཞོག་ཁོག་བཟོ་ཡི་ཡོད། སྐར་མ་བཅུ་ཉི་ཤུ་སྒུགས་ཨ།
བུ།
ངས་ཞོག་ཁོག་དང་བག་ལེབ་བཟོ་སྟངས་ཤེས་ཀྱི་མེད། ངས་བཟོ་སྟངས་སྦྱངས་ན་འགྲིག་གི་རེད་པས།
ཨ་མ།
ཏག་ཏག་རེད། མ་ཤེས་ན་སྦྱང་དགོས་རེད། རྗེས་མ་གཅིག་པུ་ལྷག་དུས་བེད་སྤྱོད་ཡོད་རེད་བ། ཉོན་ཨ། དང་པོ་ཧ་ཡང་གཅིག་གི་ནང་ལ་གྲོ་ཞིབ་དང་ཆུ་བསྲེ་དགོས་རེད། ཡག་པོ་བྱས་ནས་བརྫི་དགོས་རེད།
བུ།
ཡ་ཡ། དེའི་རྗེས་ལ་ག་རེ་བྱེད་དགོས་རེད།
ཨ་མ།
དེ་ནས། བག་ཟན་ཏོག་ཙམ་བླངས་ནས་བག་རིལ་བཟོ་དགོས་རེད། དེ་ནས། བག་རིལ་དེ་ལ་གྲོ་ཕྱེ་ཏོག་ཙམ་བླུགས་ནས་ལེབ་ལེབ་དང་གོར་གོར་སྒྲིལ་དགོས་རེད།
བུ།
ཡ་ཡ། ཨ་མ་ལགས། ངས་བག་ཟན་ཏོག་ཙམ་བླངས་ནས་བག་རིལ་བཟོས་ཚར་ཡིན། ཡིན་ན་ཡང་། ལེབ་ལེབ་དང་གོར་གོར་གང་འདྲ་བྱས་ནས་སྒྲིལ་དགོས་རེད།
ཨ་མ།
ཐབ་ཀྱི་འོག་ལ་ཨན་རྡར་དང་རྒྱུག་རིལ་ཡོད་རེད། དེ་ཚོ་བེད་སྤྱོད་བྱས་ནས་སྒྲིལ་དགོས་རེད།
བུ།
ལགས་སོ། ཨ་མ་ལགས། དེ་ནས། ཞོག་ཁོག་གང་འདྲ་བཟོ་དགོས་རེད། ཞོག་ཁོག་དང་པོ་བཙོ་དགོས་རེད། ཡང་ན། གཏུབ་དགོས་རེད།
ཨ་མ།
ཁྱེད་རང་གིས་དང་པོ་གཏུབ་ན་འགྲིག་གི་རེད། དང་པོ་བཙོས་ནའང་འགྲིག་གི་རེད།
བུ།
ཡ་ཡ། དང་པོ་ངས་གཏུབ་ཀྱི་ཡིན། ཆེ་ལོད་ག་ཚོད་གཏུབ་དགོས་རེད།
ཨ་མ།
དུམ་བུ་དུམ་བུ་བྱས་ནས་གཏུབ། ཞེ་དྲག་ཆེན་པོ་མ་གཏུབས་ཨ། ཆེ་དྲགས་ན་འཚོ་ཡ་ཁག་པོ་ཡོད་རེད།
བུ།
ཞོག་ཁོག་ག་ཚོད་གཏུབས་ག ཆེན་པོ་རེད་འདུག གཉིས་གཏུབས་ན་འགྲིག་གི་རེད་པས།
ཨ་མ།
རེད། གཉིས་ཏག་ཏག་བྱེད་ཀྱི་རེད། ང་ཚོ་གཉིས་གཅིག་པུ་རེད་བ། འཚོས་ཚར་སོང་ན་ཚལ་སླང་གི་ནང་ལ་སྣུམ་ཏོག་ཙམ་བླུགས་ནས་མེ་སྤོར་དགོས་རེད།
བུ།
སྣུམ་མང་ལོད་བླུག་དགོས་རེད།
ཨ་མ།
སྣུམ་ཁ་གཅོད་གང་ཙམ་བླུགས། དེ་ནས་མེ་སྤར་ནས་སྐར་མ་གསུམ་ཙམ་ཞོག དེ་ནས། ཞོག་ཁོག་བླུགས་ན་འགྲིག་གི་རེད།
བུ།
ལགས་སོ། དཀྲུག་དཀྲུག་གཏང་དགོས་རེད་པས།
ཨ་མ།
ད་ལྟ་དཀྲུག་དཀྲུག་གཏང་དགོས་མ་རེད། ཞོག་ཁོག་གི་སྒང་ལ་ཚྭ་དང་སྨན་སྣ་བླུག་ཡིན་པས།
བུ།
བླུགས་མེད།
ཨ་མ།
ཚྭ་དང་སྨན་སྣ་བླུགས་ཚར་བའི་རྗེས་ལ་དཀྲུག་དཀྲུག་གཏང་དགོས་རེད། དེ་ནས་སྐར་མ་བཅུ་ཙམ་མེ་ཆུང་ཆུང་བཏང་ནས་ཁ་གཅོད་བརྒྱབ་ནས་ཞོག་དང་། འཚོ་འགྲོ་ཡི་རེད།
བུ།
ཨ་ལད། དེ་འདྲ་ལས་སླ་མདོག་ཁ་བ་ལ།
ཨ་མ།
ལས་སླ་པོ་ཡོད་རེད། ཁྱེད་རང་ད་ལྟ་བར་དུ་ཁ་ལག་བཟོ་མྱོང་མེད་བ། བྱས་ཙང་། དཀའ་ལས་ཁག་མདོག་ཁ་པོ་ཚོར་གྱི་ཡོད་རེད། རྗེས་མ་སོ་སོས་བཟོ་ཤོག་ཨ།
བུ།
ལགས་སོ། ཨ་མ་ལགས། ད་ང་ཚོ་ཞོག་ཁོག་དང་བག་ལེབ་ཟ་ག་འགྲོ།
ཨ་མ།
ཁྱེད་རང་སྔོན་ལ་རྒྱུགས་ཨ། ང་རྗེས་ལ་ཡོང་གོ།
Chapter 2
Chapter 4
Home
Stories
Reading
Curriculum
Grammar
Teachers
Articles