Tibetan Study Zone
Story Books
Tibetan Reading
Spoken Tibetan Curriculum
Grammar
Teachers
Articles
Language
English
བོད་ཡིག
简体中文
Start learning
← Sarah College Spoken Tibetan Textbook
A2
Chapter 4
མོག་མོག་བཟོས་པ།
Mokmok so pa
Making Momo
Video lesson
Watch on YouTube
Conversation
Activities
Pronunciation
English
Tip: tap a sentence to see its meaning.
བཀྲ་ཤིས།
ཚེ་རིང་ལགས། ང་གཉིས་ཀྱིས་དེ་རིང་དགོང་མོ་ཁ་ལག་ག་རེ་བཟོ་ཡི་ཡིན།
ཚེ་རིང་།
དེ་རིང་མོག་མོག་གཅིག་བཟོས་ན་གང་འདྲ་འདུག
བཀྲ་ཤིས།
མོག་མོག་བཟོ་ཐུབ་ན་ཡག་པོ་ཡོད་རེད། ངས་ནི་བཟོ་ཤེས་ཀྱི་མེད། ཁྱེད་རང་གིས་བཟོ་ཤེས་ན་ངས་རོགས་པ་བྱེད་ཆོག མོག་མོག་བཟོ་ཐུབ་ན་དཔེ་ཡག་པོ་ཡོད་རེད། ཞིམ་པོ་དཔེ་ཡོད་རེད།
ཚེ་རིང་།
ངས་མོག་མོག་བཟོ་ཤེས་ཀྱི་ཡོད། ཡིན་ན་ཡང། མི་གཞན་པ་ནང་བཞིན་མགྱོགས་པོ་བཟོ་ཐུབ་ཀྱི་མེད། འགྲིག་ས་རེད་པས།
བཀྲ་ཤིས།
འདི་སེམས་ཁྲལ་དགོས་མ་རེད། ང་ཚོ་དེ་རིང་གུང་གསེང་རེད་བ། དུས་ཚོད་མང་ཐག་ཆོད་ཡོད་རེད། ང་ལ་ཡང་མོག་མོག་བཟོ་སྟངས་བསླབས་ཨ།
ཚེ་རིང་།
ཡ་ཡ། ངས་མོག་མོག་བཟོ་དགོས་རེད། ཡང་ན། ཁྱེད་རང་ལ་མོག་མོག་བཟོ་སྟངས་བསླབ་དགོས་རེད།
བཀྲ་ཤིས།
ཁྱེད་རང་གིས་ང་ལ་དུས་ཚོད་ཁག་ཁག་བཏོན་དགོས་མ་རེད། ཁྱེད་རང་བཟོ་གི་བཟོ་གི་ལ་ངས་སྦྱང་ཆོག ངས་ནོར་སོང་ན་ང་ལ་ལབ་ན་འགྲིག་ས་རེད།
ཚེ་རིང་།
ཡ་ཡ། འགྲིག་གི་རེད། ཤ་མོག་མོག་བཟོ་ཡི་ཡིན། ཡང་ན། ཤ་མེད་མོག་མོག་བཟོ་ཡི་ཡིན། ཁྱེད་རང་གིས་ཤ་ཟ་ཡི་ཡོད་པ། ང་ཚོས་ཤ་མོག་མོག་བཟོ་གོ ཞིམ་པ་ཡོད་རེད།
བཀྲ་ཤིས།
མ་རེད། ཤ་མེད་མོག་མོག་བཟོས་ན། དེ་རིང་༸གོང་ས་མཆོག་གི་འཁྲུངས་སྐར་རེད་བ། ཁོང་གི་འཁྲུངས་སྐར་ལ་ཤ་མ་ཟ་ན་ཡག་ས་རེད། མ་རེད་པས།
ཚེ་རིང་།
རེད། རེད། ཁོང་གི་འཁྲུངས་སྐར་ལ་མ་ཟ་ན་ཡག་ག་ཡོད་རེད།
བཀྲ་ཤིས།
ཤ་མེད་མོག་མོག་བཟོ་ཡ་ལ་ཚལ་ཡོད་བ། ངས་ཚོང་ཁང་ནས་ཕྱུ་ར་ཉོས་ནས་ཡོང་གོ། དེ་ནས་ཚལ་དང་ཕྱུ་ར་མཉམ་དུ་བསྲེས་ནས་ཤ་མེད་མོག་མོག་བཟོས་ན་ཡག་ས་མ་རེད་པས།
ཚེ་རིང་།
ཡ་ཡ། ཚྭ་ཡང་དགོས་ས་རེད། ཚྭ་རྫོགས་གྲབས་འདུག དེའི་བར་དུ་ངས་ཚལ་ཚང་མ་བཏུབ་ནས་གཙབ་གཙབ་བཟོ་གོ། ཁྱེད་རང་སླེབས་པའི་སྐབས་སུ་གྲོ་བརྫིས་ཡ་དང་། མོག་ཚགས་ཚང་མ་གྲ་སྒྲིག་བྱེད་ཡོང་། མོག་མོག་བཟོ་ཆོག་ཆོག་བཟོ་ཡོང་།
བཀྲ་ཤིས།
ཏག་ཏག་རེད། དེ་འདྲ་སེམས་པ་དགའ་ཡ་སྐད་ཆ་བཤད་ན་ཡག་པོ་འདུག་བ།
ཚེ་རིང་།
ཚྭ་དྲན་པ་མ་བརྗེད་ཨ། ཡང་བསྐྱར་ལབ་ཀྱི་ཡིན་ད།
བཀྲ་ཤིས།
གྲོགས་པོ། ཚྭ་ཉོས་ཡོད། ཕྱུ་ར་ཡང་ཉོས་ཡོད། ཚང་མ་ཉོས་ནས་སླེབས་ཡོད། ཁ་ལག་བཟོ་ཡ་གྲ་སྒྲིག་རེད་བ།
ཚེ་རིང་།
གྲ་སྒྲིག་ཡིན། ཁྱེད་རང་བསྒུགས་ནས་བསྡད་ཡོད། མོག་མོག་ལ་བཟོ་སྟངས་ཁ་ཤས་ཡོད་རེད། གཅིག་ཙི་ཙིའི་མོག་མོག་རེད། གཅིག་མོག་མོག་གོར་གོར་རེད། ང་ཚོ་མང་ཆེ་བས་མོག་མོག་གོར་གོར་དེ་བཟོ་ཡི་ཡོད་རེད། ཁྱེད་རང་གིས་མོག་མོག་གོར་གོར་བཟོ་སྟངས་སྦྱངས་ན་ཏག་ཏག་རེད། ལས་སླ་བ་དང་། མང་བ་བཟོ་ཐུབ་ཀྱི་རེད། Tsering: Ready. I was waiting for you. There are several ways to make momo. One is mouse momo. One is round momo.
བཀྲ་ཤིས།
ཡ་ཡ། དེ་ལས་སླ་པོ་ཡོད་ས་རེད། ངས་བཟོ་ཐུབ་ས་རེད། ཞེ་དྲག་དཀའ་ལས་ཡོད་ས་མ་རེད།
ཚེ་རིང་།
ཡོད་མ་རེད། གོམས་སོང་ན་ལས་སླ་རུ་འགྲོ་ཡི་རེད། མ་གོམས་བར་དུ་ཏོག་ཙམ་དཀའ་ལས་ཡོད་རེད།
བཀྲ་ཤིས།
ད་ང་ཚོས་ཆུ་བསྐོལ་ན། མ་རེད་བས། མོག་མོག་བཟོས་ཚར་སོང་བ། ད་བཙོ་དགོས་མ་རེད་པས།
ཚེ་རིང་།
རེད། ཏག་ཏག་རེད། ཡར་གཅིག་ལངས་ནས་ཆུ་གཅིག་སྐོལ་དང་། ང་ལང་ཡ་ཉོབ་ས་རེད།
བཀྲ་ཤིས།
གྲོགས་པོ་ཉོབ་ཏོ་ཞེ་བོ་གཅིག་འདུག ཚང་མ་ངས་བྱེད་དགོས་འདུག དེ་འདྲ་གང་འདྲ་རེད།
ཚེ་རིང་།
ཡིན་ཡིན་པ་རེད་བ། མོག་མོག་བཟོ་མཁན་གཙོ་བོ་ང་ཡིན་པ། ཧ་ཧ།
ཚེ་རིང་།
ཡ་ཡ། འགྲིག་གི་རེད། རྗེས་མ་ངས་ཀྱང་དེ་འདྲ་བཤད་ཆོག
Chapter 3
Chapter 5
Home
Stories
Reading
Curriculum
Grammar
Teachers
Articles