Tibetan Study Zone
Story Books
Tibetan Reading
Spoken Tibetan Curriculum
Grammar
Teachers
Articles
Language
English
བོད་ཡིག
简体中文
Start learning
← Sarah College Spoken Tibetan Textbook
A2
Chapter 5
དང་པོ་བོད་ནས་སླེབས་དུས།
Dhang po bhoe ne lep due
When I First Arrived from Tibet
Video lesson
Watch on YouTube
Story
Activities
Pronunciation
English
Tip: tap a sentence to see its meaning.
1
ང་བོད་ནས་རྒྱ་གར་ལ་ཡོང་དུས། བལ་ཡུལ་བརྒྱུད་ནས་ཡོང་བ་ཡིན།
2
སྤྱི་ལོ་༡༩༩༩ ལ་ཡོང་བ་ཡིན།
3
ང་དང་ངའི་ཅོ་ཅོ། གཅུང་མོ་གསུམ་མཉམ་དུ་ཡོང་བ་ཡིན། དེ་དུས་ང་ལོ་བཅུ་གཅིག་ཙམ་ཡིན་རྒྱུ་རེད།
4
བོད་ནས་ཡོང་དུས་མོ་ཊ་ནང་ལ་ཡོང་ཐུབ་རྒྱུ་ཡོད་མ་རེད།
5
གང་ཡིན་ཟེར་ན། ང་ཚོ་ལ་མཐོང་མཆན་རག་ནས་ཡོང་བ་མ་རེད།
6
ང་ཚོ་བྲོས་ནས་ཡོང་བ་རེད།
7
ང་ཚོས་གངས་རི་མང་པོ་དང་གཙང་པོ་མང་པོ། ཤིང་ནགས་མང་པོ་བརྒྱུད་ནས་ཡོང་བ་ཡིན།
8
ལམ་ཁ་ལ་བཟའ་ཡ་དང་འཐུང་ཡ་ཚང་མ་རྫོགས་དུས་ང་ཚོས་ལྷམ་གྱི་ཀོ་བ་སོགས་ཀོ་བའི་རིགས་ཚང་མ་ཟ་ཡིན།
9
མཚམས་མཚམས་ང་ཚོ་ཤིང་ནགས་ལ་ཉལ་བ་དང་།
10
མཚམས་མཚམས་ང་ཚོ་བྲག་ཕུག་དེ་འདྲ་ལའང་ཉལ་ཡིན།
11
ལམ་ཁ་ལ་སེམས་ཅན་གྱི་རིགས་ཞེད་སྣང་ཚ་པོ་འདུག
12
ཡིན་ན་ཡང་། ང་ཚོའི་རྒྱབ་ལ་རྒྱ་དམག་མི་ཡོང་ངམ་བསམས་ནས་ཞེད་སྣང་མང་བ་སྐྱེས་བྱུང་།
13
དེ་འདྲ་བྱས་ནས་ཟླ་བ་གཅིག་དང་ཕྱེད་ཀ་ཙམ་འགྲོ་དུས་གཞི་ནས་བལ་ཡུལ་གྱི་གྲོང་གསེབ་གཅིག་ལ་འབྱོར་སོང་།
14
བལ་ཡུལ་ལ་སླེབས་དུས་གྲོང་པ་ཚོས་ཁ་ལག་མང་པོ་སྤྲོད་ཀྱི་འདུག
15
མང་ཆེ་བ་འབྲས་དང་ལྡ་ལི་རེད་འདུག
16
ང་ཚོའི་བོད་ལ་ལྡ་ལི་རྟ་དང་གཡག་སོགས་ལ་སྤྲོད་ཀྱི་ཡོད་རེད།
17
བྱས་ཙང་། ཟ་འདོད་ཁྱོན་ནས་མ་བྱུང་།
18
ཡིན་ན་ཡང་། ཕྱིས་སུ་ལྡ་ལི་དེ་ཞིམ་དུ་འགྲོ་བ་དང་། རྒྱ་གར་བ་དང་བལ་པོ་ཚོའི་ཟས་རིགས་ཀྱི་ནང་ནས་ཡག་ག་གཅིག་ཡིན་པ་ཧ་གོ་སོང་།
19
བལ་ཡུལ་ལ་སླེབས་དུས་སྔོན་མཐོང་མ་མྱོང་བའི་མིའི་རིགས་འདྲ་མི་འདྲ་མང་པོ་འདུག
20
ཁ་ཤས་ཀྱི་མགོ་སེར་པོ་རེད་འདུག
21
ཁ་ཤས་ཀྱི་དུག་སློག་ཐུང་ཐུང་རེད་འདུག
22
ཁ་ཤས་ཀྱིས་སྐད་མི་འདྲ་བ་ཞིག་བརྒྱབ་ཀྱི་འདུག
23
ངས་བལ་ཡུལ་གྱི་མི་གང་འདྲ་ཡོད་མེད་ཧ་གོ་ཡི་ཡོད།
24
ཡིན་ན་ཡང་། ཕྱི་རྒྱལ་བ་དེ་འདྲ་ཡོད་པ་གོ་མྱོང་མེད།
25
བྱས་ཙང་། བལ་ཡུལ་ལ་སླེབས་དུས་ཡ་མཚན་མང་པོ་སྐྱེས་སོང་།
26
དེ་ནས། སྤྱི་སྤྱོད་རླངས་འཁོར་གྱི་ནང་ལ་རྒྱ་གར་ལ་ཡོང་བ་ཡིན།
27
ང་ཚོ་དང་པོ་ལྡི་ལི་ལ་འབྱོར་སོང་།
28
དེ་ནས། ཡང་བསྐྱར་མཚན་གཅིག་འགྲོ་ནས་རྡ་རམ་ས་ལ་ལ་འབྱོར་སོང་།
29
རྡ་རམ་ས་ལ་ལ་འབྱོར་དུས་༸རྒྱལ་བ་རིན་པོ་ཆེ་མཇལ་རྒྱུ་བྱུང་སོང་།
30
དེ་དུས། ང་ཚོ་དང་མཉམ་དུ་གསར་འབྱོར་བ་དཔེ་མང་པོ་འདུག
31
ཁོང་ཚོ་ཚང་མ་༸རྒྱལ་བ་རིན་པོ་ཆེ་མཇལ་མ་ཐག་ངུས་ཤོར་བ་དང་། མཉམ་དུ་སེམས་པ་སྐྱིད་པོ་ཞེད་དྲག་ཆགས་པ་མཐོང་བྱུང་།
32
ངས་༸རྒྱལ་བ་རིན་པོ་ཆེ་སྔོན་མ་མཇལ་རྒྱུ་མ་བྱུང་ཡང་། མཇལ་བའི་སྐབས་སུ་སེམས་པ་སྐྱིད་པོ་ཞེ་དྲག་བྱུང་།
33
དེའི་སྐབས་སུ། བོད་ཀྱི་ས་ཆ་ཨ་མདོ་དང་། དབུས་གཙང་། ཁམས་སོགས་ནས་ཡོང་མཁན་དཔེ་མང་པོ་འདུག
34
བོད་ལ་ཡོད་པའི་སྐབས་སུ་ཁོང་ཚོ་ཐུག་མ་སོང་།
35
ཡིན་ན་ཡང་། རྒྱ་གར་ལ་སླེབས་ནས་ཐུག་སོང་།
36
ང་རང་དང་ལོ་ཚད་གཅིག་པ་ཡིན་པའི་ཕྲུ་གུ་མང་པོ་དང་མཉམ་དུ་གྲོགས་པོ་ཆགས་སོང་།
37
རྒྱ་གར་ལ་བོད་པའི་སློབ་གྲྭ་འདུག
38
བོད་ཁྱིམ་སློབ་གྲྭ་ལ་ཉི་མ་དང་པོ་དང་གཉིས་པ་ལ་སྐྱིད་པོ་བྱུང་སོང་།
39
དེ་ནས་རྗེས་ལ་ཕ་ཡུལ་དང་ནང་། ཕ་མ་དྲན་ནས་ཉི་མ་མང་པོ་ངུས་པ་ཡིན།
40
རྒྱ་གར་ལ་སླེབས་ནས་ལོ་མང་པོ་འགྲོ་སོང་།
41
ཡིན་ན་ཡང་། ད་ལྟ་བར་དུ་ཕ་མ་ཚར་གཅིག་ཀྱང་ཐུག་ཡ་བྱུང་མ་སོང་།
Chapter 4
Chapter 6
Home
Stories
Reading
Curriculum
Grammar
Teachers
Articles