Tibetan Study Zone
Story Books
Tibetan Reading
Spoken Tibetan Curriculum
Grammar
Teachers
Articles
Language
English
བོད་ཡིག
简体中文
Start learning
← Sarah College Spoken Tibetan Textbook
A2
Chapter 6
ས་མ་འབྲོག
Sa-ma-dok
Sa-Ma-Dok: Semi-Nomadic Farming and Herding Life
Video lesson
Watch on YouTube
Story
Activities
Pronunciation
English
Tip: tap a sentence to see its meaning.
1
ང་བོད་པ་གཅིག་ཡིན།
2
བོད་དབུས་གཙང་ལ་སྐྱེས་པ་ཡིན།
3
ང་ཆུང་ཆུང་ཡིན་དུས་སློབ་གྲྭ་ལ་འགྲོ་མྱོང་མེད།
4
ང་ཚོའི་ནང་མི་ས་མ་འབྲོག་རེད།
5
ས་མ་འབྲོག་ལབ་ན། ཞིང་པ་དང་འབྲོག་པ་གཉིས་ཀ་ལ་ལབ་ཀྱི་ཡོད་རེད།
6
ང་ཚོ་ལ་ནང་མི་བཅུ་ཙམ་ཡོད་རེད།
7
ཁ་ཤས་ཞིང་ལས་བྱེད་ཀྱི་ཡོད་རེད།
8
ཁ་ཤས་འབྲོག་ལས་བྱེད་ཀྱི་ཡོད་རེད།
9
ངའི་ཕ་མས་ཞིང་ལས་དང་འབྲོག་ལས་གཉིས་ཀ་བྱེད་ཀྱི་ཡོད་རེད།
10
འབྲོག་པ་ཚོ་མང་ཆེ་བ་རི་དང་སྤང་ཐང་ལ་བསྡད་ཀྱི་ཡོད་རེད།
11
ད་དུང་། སེམས་ཅན་གྱི་རིགས་དཔེ་མང་པོ་ཡོད་རེད། གཡག་དང་འབྲི། ལུག་དང་འབྲོང་།
12
དེ་ག་ནང་བཞིན། འདོགས་ཁྱི་ཁ་ཤས་ཡོད་རེད།
13
འབྲོག་པ་ཚོ་མང་ཆེ་བ་སྦྲ་གུར་གྱི་ནང་དུ་བསྡད་ཀྱི་ཡོད་རེད།
14
གུར་གྱི་འགྲམ་ལ་ར་བ་ཡོད་རེད།
15
ར་བའི་ནང་ལ་ལུག་མང་པོ་བཞག་གི་ཡོད་རེད།
16
ཡིན་ན་ཡང་། འབྲི་དེ་ཚོ་སྦྲ་གུར་གྱི་ཉེ་འཁོར་ལ་བསྡད་པ་དང་།
17
གཡག་དེ་ཚོ་ས་ཆ་ག་བ་ག་ས་ལ་འགྲོ་ཡི་རེད།
18
གཡག་དེ་ཚོ་རང་དབང་རེད།
19
འདོགས་ཁྱི་དེ་ཚོ་དཔེ་ཞེད་སྣང་ཚ་པོ་ཡོད་རེད།
20
གལ་སྲིད་སྤྱང་ཀི་དང་གཟིག དོམ་དེ་འདྲ་ཡོང་ན།
21
འདོགས་ཁྱི་དེ་ཚོས་ལུག་ལ་སྲུང་སྐྱོབ་བྱེད་ཀྱི་རེད།
22
འབྲོག་པ་དེ་ཚོ། དགུན་ཁ་སྐབས་སུ་རི་སྒང་ལ་བསྡད་ཐུབ་ཀྱི་མ་རེད། གང་ཡིན་ཟེར་ན། དགུན་ཁ་སྐབས་སུ་དཔེ་གྲང་མོ་ཡོད་རེད།
23
དགུན་ཁ་སྐབས་སུ་ཁོང་ཚོ་ས་ཆ་དམའ་ས་ལ་འགྲོ་ནས་སྡོད་ཀྱི་ཡོད་རེད།
24
དེ་ལ་ཏོག་ཙམ་དྲོ་བ་ཡོད་རེད།
25
ཞིང་པ་ཚོས་གྲོང་གསེབ་ཀྱི་ནང་ལ་སྡོད་ཀྱི་ཡོད་རེད།
26
དེ་ལ་ས་ཆ་ཆེན་པོ་དང་སྟོན་ཐོག་གཏབ་ཡ་ཡོད་རེད།
27
བྱས་ཙང་། ཁོང་ཚོ་རི་དང་སྤང་ཐང་ལ་སྡོད་ཀྱི་མ་རེད།
28
ཞིང་ཁ་ཁ་ཤས་ཀྱི་ཟུར་ལ་ཆུའི་ཡུར་བ་ཡོད་རེད།
29
ཆུའི་ཡུར་བ་ཡོད་པའི་ཞིང་ཁ་དེ་ཚོ་ལ་ལོ་གཅིག་ལ་ཐེངས་མ་གཉིས་ཙམ་གཏབ་ཀྱི་རེད།
30
ཆུའི་ཡུར་བ་མེད་པའི་ཞིང་ཁ་དེ་ཚོ་ལ་ལོ་གཅིག་ལ་ཐེངས་མ་གཅིག་གཏབ་ཀྱི་རེད།
31
ཆར་དུས་སྐབས་སུ་གཏབ་ཀྱི་རེད།
32
ཁོང་ཚོ་མང་ཆེ་བ་མ་རྨོས་ལོ་ཏོག་གཏབ་ཀྱི་རེད།
33
གང་ཡིན་ཟེར་ན། མ་རྨོས་ལོ་ཏོག་གཏབ་ཡ་ལ་འགྲོ་སོང་ཞེ་དྲག་ཡོད་མ་རེད།
34
ཁ་ཤས་ཀྱིས་སྒོག་པ་གཏབ་ཀྱི་རེད།
35
སྒོག་པ་གཏབ་ན་འགྲོ་སོང་དཔེ་ཆེན་པོ་རེད།
36
ཡིན་ན་ཡང་། མཚམས་མཚམས་གོང་ཡང་དཔེ་ཡག་པོ་རག་གི་རེད།
37
ཁ་ཤས་ཀྱིས་ཞོག་ཁོག་གཏབ་ཀྱི་རེད།
38
ཞོག་ཁོག་དེ་ལ་མཚམས་མཚམས་གོང་ཡག་པོ་རག་གི་མ་རེད།
39
མཚམས་མཚམས་དཔེ་ཡག་པོ་རག་གི་རེད།
40
ཁ་ཤས་ཀྱིས་མེ་ཏོག་དང་སྲན་མ། མཛུབ་ཚལ། དོ་ལུམ་མ། མེ་ཏོག་པད་ཚལ་དང་ལོ་འཁོར་པད་ཚལ་ལ་སོགས་པ་ཡང་གཏབ་ཀྱི་ཡོད་རེད།
41
ད་དུང་ཞིང་ཁ་ཁ་ཤས་ལ་ཤིང་ཏོག་གི་རིགས་ཀྱང་དཔེ་མང་པོ་གཏབ་ཀྱི་རེད།
42
དཔེར་ན། ཚ་ལུ་མ་དང་ངང་ལག མར་སིལ། བལ་པོའི་སེའུ། ཨ་མྲ་སོགས་གཏབ་ཀྱི་ཡོད་རེད།
43
བྱས་ཙང་། ཞིང་ཁ་ལ་བསྡད་མཁན་ཚོས་ཁ་ལག་འདྲ་མི་འདྲ་བཟའ་ཡ་ཡོད་རེད།
44
ཡིན་ན་ཡང་། འབྲོག་པ་ཚོས་གཙོ་བོ་ཤ་དང་མར། རྩམ་པ་ཟ་ཡི་རེད།
Chapter 5
Chapter 7
Home
Stories
Reading
Curriculum
Grammar
Teachers
Articles