Tibetan Study Zone
Story Books
Tibetan Reading
Spoken Tibetan Curriculum
Grammar
Teachers
Articles
Language
English
བོད་ཡིག
简体中文
Start learning
← Sarah College Spoken Tibetan Textbook
A2
Chapter 7
རྡོ་རྗེ་གདན་ལ་འགྲོ་ཡ་འཆར་གཞི།
Dorjeedhen la Dro ya Charshi
Plan to Go to Bodh Gaya
Video lesson
Watch on YouTube
Conversation
Activities
Pronunciation
English
Tip: tap a sentence to see its meaning.
བསྟན་འཛིན།
བཀྲ་ཤིས་བདེ་ལེགས། མེ་ཏོག་ལགས།
མེ་ཏོག
བཀྲ་ཤིས་བདེ་ལེགས། བསྟན་འཛིན་ལགས།
བསྟན་འཛིན།
ད་ལྟ་ཁྱེད་རང་ལ་དུས་ཚོད་ཡོད་པས། ཡང་ན། བྲེལ་བ་ཡོད། ངས་ཁྱེད་རང་ལ་སྐད་ཆ་ཁ་ཤས་བཤད་དགོས་འདུག དུས་ཚོད་ཡོད་ན་གསུངས་དང་། གལ་སྲིད་བྲེལ་བ་ཡོད་ན་ང་རྗེས་ལ་ཡོང་གི་ཡིན།
མེ་ཏོག
ཡོད་ཡོད། ད་ལྟ་ང་ལ་དུས་ཚོད་ཡོད། ང་ཚོས་སྐད་ཆ་བཤད་ན་འགྲིག་གི་རེད། ཁྱེད་རང་གིས་ག་རེ་སྐོར་ལ་སྐད་ཆ་བཤད་འདོད་འདུག
བསྟན་འཛིན།
ཁྱེད་རང་ལ་ནང་སྦྱོང་མེད་པས། ནང་སྦྱོང་ཚར་སོང་བས།
མེ་ཏོག
ངས་ཉིན་གུང་ཁ་ལག་ཟ་བའི་རྗེས་ལ་ནང་སྦྱོང་བྱས་ཡིན། ད་ལྟ་ནང་སྦྱོང་མེད། ནང་སྦྱོང་ཚར་སོང་།
བསྟན་འཛིན།
ཨ་ལད། མགྱོགས་པོ་དེ་འདྲ།
མེ་ཏོག
དེ་རིང་གི་ནང་སྦྱོང་ལས་སླ་པོ་དང་མང་པོ་མི་འདུག ཉུང་ཉུང་རེད་ཤག ཁྱེད་རང་གིས་ལབ་དང་། ག་རེ་སྐོར་ལ་སྐད་ཆ་བཤད་དགོས་ཡོད།
བསྟན་འཛིན།
ལོ་རྗེས་མའི་ཟླ་བ་དང་པོའི་ནང་དུ་༸རྒྱལ་བ་རིན་པོ་ཆེས་དུས་འཁོར་དབང་ཆེན་གནང་ཡ་རེད་འདུག རྡོ་རྗེ་གདན་ལ། ང་དེ་ལ་འགྲོ་དགོས་བསམས་སོང་། ཁྱེད་རང་མཉམ་དུ་འགྲོ་གི་ཡོད་མེད་སྐད་ཆ་དྲི་དགོས་བསམས་སོང་། ང་རང་ཡང་གཅིག་པུ་འགྲོ་ཡ་ཉོབ་ས་རེད།
མེ་ཏོག
ཨ་ལད། ཡིན་ན་ཡང་། སྤྱི་ཟླ་དང་པོ་ལ་ད་དུང་འཛིན་གྲྭ་ཡོད་རེད་བ། ད་ལྟ་བར་དུ་འཛིན་གྲྭ་ཆད་མེད། འཛིན་གྲྭ་ཆད་འདོད་ཀྱང་མི་འདུག
བསྟན་འཛིན།
ཨ་ཙི་ཙི། ཁྱེད་རང་གིས་གསལ་བསྒྲགས་གོ་མ་སོང་བས། དུས་འཁོར་དབང་ཆེན་སྐབས་སུ་དམིགས་བསལ་ཉི་མ་ཉི་ཤུ་གུང་སེང་ཡོད་རེད། བྱས་ཙང་། འཛིན་གྲྭ་ཆད་ཀྱི་རེད་བསམས་ནས་ཞེད་དགོས་མ་རེད།
མེ་ཏོག
རྫུན་མ་མ་ཤོད་དང་། དངོས་གནས་གསལ་བསྒྲགས་དེ་འདྲ་བཏང་སོང་བས། དགའ་བ་ལ། ང་ཡང་འགྲོ་འདོད་ཞེ་བོ་ཡོད། ང་ཚོ་མཉམ་དུ་འགྲོ་ན་འགྲིག་གི་འདུག་བ། ང་ཚོ་ག་དུས་འགྲོ་ན་ཏག་ཏག་རེད།
བསྟན་འཛིན།
ངས་ད་ལྟ་དུས་ཚོད་ཏན་ཏན་ལབ་ཐུབ་ས་མ་རེད། ད་ལྟ་བྲེལ་བ་དགོས་མི་འདུག ད་དུང་དུས་ཚོད་མང་ཐག་ཆོད་འདུག
མེ་ཏོག
བྱུང་ན། ང་ཚོ་ཉི་མ་ཁ་ཤས་སྔོན་ལ་འགྲོ་ན་འགྲིག་གི་འདུག་བ།
བསྟན་འཛིན།
ངས་ཀྱང་དེ་ག་རང་ལབ་དགོས་བསམས་སོང་། ང་ཚོ་ཉི་མ་ཁ་ཤས་སྔོན་ལ་འགྲོ་ན་ཏག་ཏག་རེད། དུས་འཁོར་དབང་ཆེན་སྐབས་སུ་མི་མང་ཐག་ཆོད་སླེབས་ཀྱི་རེད། ཉི་མ་ཁ་ཤས་སྔོན་ལ་འགྲོ་ན་ཡག་ག་ཡོད་ས་རེད། དེ་མིན། མི་མང་དྲག་ནས་དཀའ་ལས་འཕྲད་ས་རེད་བ།
མེ་ཏོག
རེད། རེད། ད་ག་རང་རེད། ང་ཚོ་གང་འདྲ་འགྲོ་ན་ཡག་ས་རེད། གླ་འཁོར། ཡང་ན། སྤྱི་སྤྱོད་རླངས་འཁོར། ཡང་ན། མེ་འཁོར། ཡང་ན་གནམ་གྲུ་གང་གི་ནང་ལ་འགྲོ་ན་ཡག་ས་རེད།
བསྟན་འཛིན།
གནམ་གྲུ་དང་གླ་འཁོར་གཉིས་ཀྱི་ནང་ལ་འགྲོ་ན་དཔེ་གོང་ཆེན་པོ་རེད། བྱས་ཙང་། ཡང་ན། མེ་འཁོར་དང་སྤྱི་སྤྱོད་རླངས་འཁོར་གཅིག་གི་ནང་ལ་འགྲོ་ན་གང་འདྲ་འདུག
མེ་ཏོག
སྤྱི་སྤྱོད་རླངས་འཁོར་དང་མེ་འཁོར་གཉིས་ཀྱི་ནང་ལ་འགྲོ་ན་སྒོར་མོ་ག་ཚོད་ཙམ་རེད།
བསྟན་འཛིན།
ངས་དེའི་སྐོར་ལ་ཏན་ཏན་ཤེས་ཀྱི་མེད། གལ་སྲིད་ང་ཚོ་ལ་མེ་འཁོར་གྱི་འཛིན་བྱང་སྔོན་ལ་རག་ན་གོང་ཁེ་པོ་རེད། དེ་མིན་མེ་འཁོར་ཡང་གོང་ཆེན་པོ་རེད།
མེ་ཏོག
ཨ་ལད། བྱས་ན། ང་ཚོ་སྤྱི་སྤྱོད་རླངས་འཁོར་གྱི་ནང་ལ་འགྲོ་ན་གང་འདྲ་འདུག རྡོ་རྗེ་གདན་ལ་ག་བ་ལ་བསྡད་ཀྱི་ཡིན།
བསྟན་འཛིན།
ཕ་ལ་དུས་འཁོར་དབང་ཆེན་གྱི་སྐབས་སུ་གོང་ཆེན་པོ་ཆགས་ཀྱི་རེད། ཁང་པ་དང་མགྲོན་ཁང་ཚང་མའི་གོང་འཕར་གྱི་རེད། ཡིན་ན་ཡང་། བྱང་ཆུབ་མཆོད་རྟེན་ནས་ཐག་རིང་ས་ལ་འགྲོ་ན་ཁང་པ་གོང་ཁེ་པོ་མང་པོ་ཡོད་རེད། ཡིན་ན་ཡང། མཆོད་རྟེན་ནས་ཆུ་ཚོད་ཕྱེད་ཀ་ཙམ་གོམ་པ་བརྒྱབ་དགོས་རེད།
མེ་ཏོག
གོམ་པ་བརྒྱབ་ཡ་གལ་མི་འདུག ཁང་པ་དང་མགྲོན་ཁང་གོང་ཁེ་པོ་གཅིག་རག་ན་འགྲིག་ས་རེད། དེ་མིན་དངུལ་འདང་ས་མ་རེད།
བསྟན་འཛིན།
ང་ཚོ་མཉམ་དུ་འཛིན་གྲོགས་གཉིས་ཀྱང་འགྲོ་ཡི་ཡིན་ལབ་སོང་། ཁྱེད་རང་བདེ་བོ་ཡོང་ས་རེད་བ།
མེ་ཏོག
འགྲིག་དང་འགྲིག ད་དུང་ཡག་ག་ཡོད་རེད། ལམ་ཁ་ལ་བདེ་འཇགས་ཆེ་རུ་འགྲོ་ཡི་རེད། མི་རེ་རེའི་འགྲོ་སོང་ཡང་ཉུང་དུ་འགྲོ་ཡི་རེད། ཁོང་ཚོ་མཉམ་དུ་འགྲོ་ན་ཏག་ཏག་རེད།
བསྟན་འཛིན།
བྱས་ན། འགྲིག་སོང་། ཚང་མ་མཉམ་དུ་འགྲོ་གོ
མེ་ཏོག
ཡ་ཡ། ག་དུས་འགྲོ་དགོས་མིན་ཐག་ཆོད་ན་ལབ་རོགས་བྱེད་ཨ།
བསྟན་འཛིན།
ཡ་ཡ། འགྲིག་གི་རེད། ངས་རྗེས་ལ་ལན་སྤྲད་ཡོང་གོ་ཨ།
མེ་ཏོག
ལགས་སོ། ཐུགས་རྗེ་ཆེ།
Chapter 6
Chapter 8
Home
Stories
Reading
Curriculum
Grammar
Teachers
Articles