Tibetan Study Zone
Story Books
Tibetan Reading
Spoken Tibetan Curriculum
Grammar
Teachers
Articles
Language
English
བོད་ཡིག
简体中文
Start learning
← Sarah College Spoken Tibetan Textbook
A2
Chapter 8
ས་རཱའི་གུང་གསེང་།
Sareh gung seng
Sarah College's Vacation
Video lesson
Watch on YouTube
Conversation
Activities
Pronunciation
English
Tip: tap a sentence to see its meaning.
བུ།
ཨ་མ་ལགས། བཀྲིས་བདེ་ལེགས།
ཨ་མ།
བུ། བཀྲིས་བདེ་ལེགས། དེ་རིང་འཛིན་གྲྭ་མེད་པས།
བུ།
མེད། དེ་རིང་འཛིན་གྲྭ་མེད། དེ་རིང་གུང་གསེང་རེད་བ།
ཨ་མ།
ག་རེ་བྱས་ནས།
བུ།
གཟའ་མཇུག་སླེབས་ཚར་རེད་བ།
ཨ་མ།
ཨ་ལད། རེད་རེད། དེ་ནས་གཟའ་མཇུག་ལ་ག་རེ་བྱེད་ཡ་འཆར་གཞི་ཡོད།
བུ།
གཟའ་མཇུག་ལ་ལྷོད་ལྷོད་བསྡད་ཡ་འཆར་གཞི་ཡོད། ས་རཱའི་ཕྱི་ལོགས་ལ་མ་འགྲོ་གོ་བསམས་སོང་།
ཨ་མ།
ཨ་ལད། ནམ་རྒྱུན་ནས་ཕྱི་ལོགས་ལ་ཞེ་དྲག་འགྲོ་ཡི་མེད་པས།
བུ།
ཨ་མ། ནམ་རྒྱུན་ནས་ཕྱི་ལོགས་ལ་འགྲོ་ཡི་ཡོད། ཡིན་ན་ཡང་། བདུན་ཕྲག་འདི་ལྷོད་ལྷོད་བསྡད་གོ་བསམས་སོང་། གང་ཡིན་ཟེར་ན། གཟའ་མཇུག་རྟག་པར་ཕྱི་ལོགས་ལ་འགྲོ་ན་ལྷོད་ལྷོད་བསྡད་ཡ་རག་གི་མི་འདུག དངུལ་ཡང་མང་པོ་རྫོགས་ཀྱི་འདུག
ཨ་མ།
དངུལ་ལ་སེམས་ཁྲལ་བྱེད་དགོས་མ་རེད། ལོ་གཅིག་གཉིས་རིང་རེད་བ། སྦྱང་དགོས་ཡ་ཡག་པོ་སྦྱང། དེ་ནས། དངུལ་ང་ཚོས་ལྟ་ཆོག དེ་འགྲིག་འགྲོ་ཡི་རེད།
བུ།
ཡ་ཡ། ཨ་མ་ལགས། ཡིན་ན་ཡང་། ཡིན་གཅིག་མིན་གཅིག་འགྲོ་དགོས་མི་འདུག་བ། ས་ཆ་གསར་པ་ཞེ་དྲག་མི་འདུག བྱས་ཙང་། འགྲོ་ན་ག་དུས་ཡིན་ན་ཡང་། ས་ཆ་གཅིག་རང་གཅིག་ལ་འགྲོ་དགོས་རེད།
ཨ་མ།
དེ་གྷག་གྷལ་རེད་པས། གྷག་གྷལ་ལབ་ཡ་དེ་ཞེ་བོ་གོ་སོང་། ཧ་ཧ།
བུ།
ས་རཱ་ལ་ཡོད་ན་མེད་ན་གྷག་གྷལ་རེད། དེ་ལས་ལྷག་པ་གཞན་པ་ཡོད་མ་རེད།
ཨ་མ།
ཨ་ནི། དགོང་དག་འཛོམས་འཛོམས་འདྲ་བོ་ཡོད་མ་རེད་པས། སློབ་ཕྲུག་མང་ཆེ་བ་འཛོམས་འཛོམས་ལ་དགའ་པོ་ཡོད་རེད།
བུ།
དེ་ཡོད་ས་རེད། དེ་རིང་ང་ཚོ་འཛིན་གྲོགས་ཚོ་དགེ་རྒན་གྱི་ཤག་ལ་འཛོམ་ཡ་ཡིན་ས་རེད། དགེ་རྒན་གྱི་ཤག་ལ་འཛོམས་ན། ཁ་ལག་བཟའ་རྒྱུ་ཡོད་རེད། ཆུ་མངར་མོ་འཐུང་ཡ་ཡོད་རེད། གཞས་གཏང་ཡ་དང་གཞས་འཁྲབ་ཡ་ཡོད་རེད། ཡིན་ན་ཡང་། ཆང་རག་འཐུང་ཡ་ཡོད་མ་རེད། ཧ་ཧ།
ཨ་མ།
ཆང་རག་འཐུང་ཡ་ཡོད་མ་རེད་ད། ཆང་རག་ལ་ལག་པ་མ་འཆང་ཨ།
བུ།
རྩེད་མོ་རྩེས་ཡིན། ཨ་མ་ལགས། ག་བ་ལག་པ་འཆང་གི་རེད།
ཨ་མ།
ཁྱེད་རང་གི་འཛིན་གྲོགས་ནང་ལ་གཞས་གཏོང་མཁན་ཡག་པོ་དེ་འདྲ་ཡོད་རེད་པས།
བུ།
ཡོད་རེད། ཁ་ཤས་ཡོད་རེད། ངའི་གྲོགས་མོ་སྒྲོལ་མས་གཞས་དཔེ་ཡག་པོ་གཏོང་གི་ཡོད་རེད། མོས་གཞས་བཏང་ན་ང་ཚོ་ཚང་མས་ཉན་གྱི་ཡོད།
ཨ་མ།
ས་རཱ་ལ་གནམ་གཤིས་གང་འདྲ་འདུག དགུན་ཁ་དཔེ་གྲང་མོ་ཡོད་རེད། དེ་འདྲ་གོ་སོང་། དངོས་གནས་རེད་པས།
བུ།
རེད། དེ་བདེན་པ་རེད། དགུན་ཁ་ལ་དཔེ་གྲང་མོ་ཡོད་རེད། ཡིན་ན་ཡང་། དབྱར་ཁ་ལ་དཔེ་ཚ་པོ་ཡོད་རེད། ཕྱི་ཟླ་བདུན་པ་དང་ཕྱི་ཟླ་བརྒྱད་པ། ཕྱི་ཟླ་དགུ་པ་གསུམ་ལ་དཔེ་ཚ་པོ་ཡོད་རེད།
ཨ་མ།
ཨ་ནི། གོ་ཡ་ལ། ས་རཱ་ལ་ཁོར་ཡུག་གཙང་མ་ཡོད་པ་གོ་སོང་། བདེན་པ་རེད་པས།
བུ།
རེད། དེ་བདེན་པ་རེད། ས་རཱ་ལ་ཁོར་ཡུག་གཙང་མ་ཡོད་རེད། བདུན་ཕྲག་རྟག་པར་གཙང་མ་བཟོ་གི་ཡོད་རེད། ལྡུམ་ར་ཡང་སྙིང་རྗེ་མོ་ཡོད་རེད། སྤང་ལྗང་ཐིང་ཐིང་དང་ཤིང་སྡོང་འདྲ་མི་འདྲ་མང་པོ་ཡོད་རེད། ས་རཱ་ལ་ཁོར་ཡུག་ཚོགས་པ་ཡང་ཡོད་རེད། ཁོང་ཚོས་ཁོར་ཡུག་ལ་ལྟ་རྟོག་དཔེ་ཡག་པོ་བྱེད་ཀྱི་ཡོད་རེད།
ཨ་མ།
ས་རཱ་ལ་སེམས་ཅན་ག་རེ་ག་རེ་སླེབས་ཀྱི་འདུག ཁྱི་དང་ཞི་མི་དེ་འདྲ་ཁ་ཤས་ཡོད་ན་སྙིང་རྗེ་མོ་ཡོད་ས་རེད་བ།
བུ།
རེད་ཨ་མ། ས་རཱ་ལ་ཁྱི་མང་པོ་ཡོད་རེད། ཁྱི་ཁ་ཤས་ས་རཱ་རང་གི་ཁྱི་རེད། ཁ་ཤས་ཕྱི་ལོགས་ནས་སླེབས་པ་རེད། ས་རཱ་ལ་ཞི་མི་མང་པོ་ཡོད་མ་རེད། ཞི་མི་གཅིག་གཉིས་ཡོད་རེད། ཡིན་ན་ཡང་། ས་རཱ་ལ་སྤྲེའུ་དཔེ་མང་པོ་ཡོད་རེད། སྤྲེའུ་དང་སྤྲ་གཉིས་ཀ་ཡོད་རེད། ང་ཚོ་བུའི་ཉལ་ཁང་ལ་སྤྲེའུ་ཡོད་ན་སྐྱོན་ཡོད་མ་རེད། ཡིན་ན་ཡང་། བུ་མོའི་ཉལ་ཁང་ལ་སྤྲེའུ་སླེབས་ན་བུ་མོ་ཚོ་དཔེ་ཞེད་སྣང་བྱེད་ཀྱི་འདུག ས་རཱའི་བུ་མོ་མང་ཆེ་བ་སྤྲེའུ་དང་སྤྲ་ལ་དགའ་པོ་ཡོད་མ་རེད།
ཨ་མ།
རེད། དེ་བདེན་པ་རེད། ང་བུ་མོ་ཡིན་ཙང་། ང་ཡང་སྤྲེའུ་ལ་དཔེ་ཞེད་ཀྱི་ཡོད། ཡིན་ན་ཡང་། སྤྲ་ལ་ཞེད་ཀྱི་མི་འདུག གང་ཡིན་ཟེར་ན། སྤྲ་ཏོག་ཙམ་ཞི་འཇམ་པོ་ཡོད་རེད།
བུ།
ཨ་ལད། དེ་འདྲ་ཡིན་ས་རེད་བ། ངས་སྤྲ་ཡིས་ཞེད་སྣང་སྐུལ་བ་མཐོང་མ་སོང་། ག་དུས་ཡིན་ན་ཡང་། སྤྲ་དེ་ཚོ་ལྷོད་ལྷོད་དང་ཙོག་ཙོག་བྱས་ནས་བསྡད་པ་མཐོང་སོང་།
ཨ་མ།
རེད། རེད། དེ་ག་རང་རེད། ཁོང་ཚོ་ལྷོད་ལྷོད་ཡོད་རེད། ཞེད་སྣང་ཡོད་མ་རེད། ཡིན་ན་ཡང་། ཁོང་ཚོའི་འགྲམ་ལ་འགྲོ་ནས་གང་བྱུང་མང་བྱུང་མ་བྱེད་ཨ།
བུ།
ག་བ། ག་བ། དེ་འདྲ་བྱེད་ཕོད་ས་མ་རེད།
ཨ་མ།
ཨ་ནི། རིན་པོ་ཆེའི་གཙུག་ལག་ཁང་ག་བ་ལ་ཡོད་རེད།
བུ།
རིན་པོ་ཆེ་སུ་ལབ་ཀྱི་ཡོད།
ཨ་མ།
༸གོང་ས་མཆོག་ལབ་ཀྱི་ཡོད། ཁོང་གི་གཙུག་ལག་ཁང་ག་བ་ལ་ཡོད་རེད།
བུ།
ཁོང་གི་གཙུག་ལག་ཁང་མེག་ལོཊ་ལ་ཡོད་རེད། རྡ་རམ་ས་ལ་སྒང་ལ་ཡོད་རེད། དེ་ལ་གནམ་གཤིས་གྲང་བ་ཡོད་རེད། ས་རཱ་ནང་བཞིན་ཚ་བ་ཡང་ཡོད་མ་རེད།
ཨ་མ།
གཙུག་ལག་ཁང་དེ་ལ་འགྲོ་ཡི་ཡོད་པས། ང་འགྲོ་འདོད་ཞེ་བོ་འདུག
བུ།
མེག་ལོཊ་ལ་ག་དུས་འགྲོ་ན་གཙུག་ལག་ཁང་ལ་འགྲོ་ནས་མཆོད་མཇལ་ཞུ་ཐུབ་པ་བྱེད་ཀྱི་ཡོད། སྐོར་ར་གསུམ་རྒྱག་གི་ཡོད། མཚམས་མཚམས། དུས་ཚོད་ཡོད་ན་གླིང་སྐོར་ལ་ཡང་འགྲོ་ཡི་ཡོད། གླིང་སྐོར་གྱི་སྐོར་ར་དེ་དཔེ་ཆེན་པོ་དང་དུས་ཚོད་རིང་པོ་འགོར་གྱི་རེད། སྐར་མ་སུམ་ཅུ་ནས་བཞི་བཅུ་བར་དུ་འགོར་གྱི་རེད།
ཨ་མ།
ཡག་པོ་བྱུང་། གླིང་སྐོར་དང་མཆོད་མཇལ་ཡག་པོ་ཞུ་དགོས་རེད་ད། ང་ཚོ་འགྲོ་འདོད་ཆེན་པོ་ཡོད་ན་ཡང་། ལོ་ཁ་ཤས་འགྲོ་ཐུབ་ས་མ་རེད།
བུ།
གལ་ཡོད་མ་རེད། ཨ་མ་ལགས། རྗེས་མ་ང་ཚོ་ནང་མི་ཚང་མ་མཉམ་དུ་འགྲོ་ཡི་ཡིན་ད།
ཨ་མ།
ཡ་ཡ། རེད་རེད། རྗེས་མ་དངུལ་མང་པོ་བསགས། ཁྱེད་རང་མཐོ་སློབ་ཐོན་ཚར་ན་འགྲོ་གོ།
བུ།
ཡ་ཡ། ཨ་མ་ལགས། ཨ་ཕ་དང་ཅོ་ཅོ་ལ་ང་བདེ་བོ་རེད་འདུག་ལབ་ཨ། ད་ལྟ་ང་ཉལ་ཁང་གཙང་མ་བཟོ་ཡི་ཡིན།
ཨ་མ།
ཡ་ཡ། ངས་ལབ་ཆོག ཁྱེད་རང་སྤྱང་པོ་བྱེད་ཨ།
བུ།
ལགས་སོ། ཨ་མ་ལགས།
Chapter 7
Chapter 9
Home
Stories
Reading
Curriculum
Grammar
Teachers
Articles