Tibetan Study Zone
Story Books
Tibetan Reading
Spoken Tibetan Curriculum
Grammar
Teachers
Articles
Language
English
བོད་ཡིག
简体中文
Start learning
← Sarah College Spoken Tibetan Textbook
A2
Chapter 9
གྲོགས་མོ་ལགས།
Dokmo Lak
Friend
Video lesson
Watch on YouTube
Story
Activities
Pronunciation
English
Tip: tap a sentence to see its meaning.
1
གྲོགས་མོ་ལགས།
2
གྲོགས་མོ་ལགས། ད་ལྟ་ག་རེ་བྱེད་ཀྱི་ཡོད།
3
དེང་སང་སྐྱིད་པོ་འདུག་གས།
4
རྒྱུན་རིང་པོ་འབྲེལ་བ་བྱེད་རྒྱུ་བྱུང་མ་སོང་།
5
དེ་རིང་ང་དཔེ་སྐྱིད་པོ་འདུག
6
གང་ཡིན་ཟེར་ན། ང་ཐེངས་མ་དང་པོ་༸རྒྱལ་བ་རིན་པོ་ཆེ་མཇལ་ག་འགྲོ་ཡི་ཡོད།
7
དེ་རིང་གསུང་ཆོས་ཀྱང་འདུག
8
གསུང་ཆོས་ཉི་མ་བཞི་རིང་འདུག
9
གཟའ་ཟླ་བའི་ཚེས་པ་བདུན་པ་ནས་གཟའ་ཕུར་བུའི་ཚེས་པ་བཅུ་བར་དུ་གནང་གི་རེད།
10
གསུང་ཆོས་གནང་ས་དེ་གཙུག་ལག་ཁང་ལ་རེད་འདུག
11
ང་ཚོ་སློབ་ཕྲུག་མང་པོ་མཉམ་དུ་འགྲོ་དགོས་བསམས་སོང་།
12
གསུང་ཆོས་ཡོད་ཙང་། ས་རཱ་ལ་འཛིན་གྲྭ་མི་འདུག
13
དེ་རིང་གནམ་གཤིས་ཀྱང་དཔེ་ཡག་པོ་འདུག
14
ཆར་པ་ཆད་ནས་ནམ་མཁའ་དཔེ་གཙང་མ་ཆགས་སོང་།
15
གནམ་གཤིས་ཀྱང་ཚ་བོ་མི་འདུག
16
གོམ་པ་བརྒྱབ་ནས་འགྲོ་དུས་དཔེ་སྐྱིད་པོ་འདུག
17
རྡ་རམ་ས་ལ་ལ་ནམ་རྒྱུན་ནས་རླུང་དཔེ་གཙང་མ་ཡོད་རེད།
18
ང་གྲོགས་མོ་ཁ་ཤས་དང་མཉམ་དུ་གསུང་ཆོས་ལ་འགྲོ་བ་ཡིན།
19
དེ་དུས་འཛིན་གྲོགས་མང་ཆེ་བ་ཐུག་སོང་།
20
གསུང་ཆོས་སྐབས་ལ་ཁོང་ཚོ་སེམས་པ་སྐྱིད་པོ་བྱུང་འདུག
21
ང་ཡང་སེམས་པ་སྐྱིད་པོ་བྱུང་སོང་།
22
ངའི་འཛིན་གྲོགས་ཚོས་གསུང་ཆོས་དེ་བོད་སྐད་ཐོག་ནས་ཉན་ཡ་ཐབས་ཤེས་བྱས་སོང་།
23
ངས་ཀྱང་བྱས་པ་ཡིན།
24
ཡིན་ན་ཡང་། ང་ཚོ་ཚང་མས་ཧ་གོ་ཡ་དཔེ་དཀའ་ལས་ཁག་པོ་བྱུང་།
25
གསུང་ཆོས་ཀྱི་ནང་དུ་ཚིག་གསར་པ་དཔེ་མང་པོ་འདུག
26
དེ་ནས། ཨིན་སྐད་ཀྱི་ཐོག་ནས་ཉན་པ་ཡིན།
27
ཨིན་སྐད་ནས་ཉན་ན་ཏོག་ཙམ་ལས་སླ་བ་འདུག
28
ང་ཚོ་ཉི་མ་བཞི་རིང་ལ་ཞོགས་པ་རྟག་པར་སྔ་པོ་ལངས་ཡིན།
29
གང་ཡིན་ཟེར་ན། ས་རཱ་ནས་མེག་ལོཊ་ལ་འགྲོ་དགོས་ཙང་ཆུ་ཚོད་གཅིག་ཙམ་འགྲོ་དགོས་རེད།
30
གསུང་ཆོས་ཀྱང་ཞོགས་པ་ཡིན་དུས། ཞོགས་པ་སྔ་པོ་མ་འགྲོ་ན་བསྡད་ས་ཡག་པོ་རག་གི་མ་རེད།
31
བྱས་ཙང་། སྔ་པོ་ལང་དགོས་ཐུག་གི་འདུག
32
ང་ཚོ་ཡར་མེག་ལོཊ་ལ་འགྲོ་དུས་གླ་འཁོར་ནང་ལ་འགྲོ་དགོས་རེད།
33
གཞན་མིན་ན། འགྲོ་ཐུབ་ཡ་ཡོད་མ་རེད།
34
གང་ཡིན་ཟེར་ན། ཞོགས་པ་སྔ་པོ་སྤྱི་སྤྱོད་རླངས་འཁོར་ཡོད་མ་རེད།
35
ང་ཚོ་གྲོགས་མོ་བཞི་ཡོད་དུས། གླ་འཁོར་གྱི་རིན་པ་བགོ་བཤའ་རྒྱག་གི་ཡོད།
36
རིན་པ་བགོ་བཤའ་བརྒྱབ་ན་མི་གཅིག་ལ་གོང་ཆེན་པོ་ཆགས་ཀྱི་མ་རེད།
37
གང་ལྟར་གསུང་ཆོས་ཉི་མ་བཞི་དེ་དྲན་པ་བརྗེད་ས་མ་རེད།
Chapter 8
Chapter 10
Home
Stories
Reading
Curriculum
Grammar
Teachers
Articles