Tibetan Study Zone
Story Books
Tibetan Reading
Spoken Tibetan Curriculum
Grammar
Teachers
Articles
Language
English
བོད་ཡིག
简体中文
Start learning
← Sarah College Spoken Tibetan Textbook
A2
Chapter 10
སྨན་རྩིས་ཁང་ལ་གང་འདྲ་འགྲོ་དགོས་རེད།
Men-tsi-khang la gang-dra-dro-gö-ré?
How to Get to the Men-Tsee-Khang
Video lesson
Watch on YouTube
Conversation
Activities
Pronunciation
English
Tip: tap a sentence to see its meaning.
སྒྲོལ་དཀར།
མ་མཇལ་ཡུན་རིང་། ཟླ་བ་ལགས་ལགས།
ཟླ་བ།
མ་མཇལ་ཡུན་རིང་། སྒྲོལ་དཀར།
སྒྲོལ་དཀར།
ཁྱེད་རང་སྐམ་པོ་ཞེ་དྲགས་ཆགས་འདུག ག་རེ་བྱས་སོང་། ན་ཡི་མི་འདུག་ག
ཟླ་བ།
བདུན་ཕྲག་ཁ་ཤས་སྔོན་ལ་དཔེ་ན་སོང་། གྲོད་ཁོག་མང་པོ་བཤལ་སོང་། སྐྱུག་པ་ཡང་མང་པོ་བསྐྱུགས་སོང་། ངའི་ལྗིད་ཚད་མང་པོ་ཆགས་སོང་།
སྒྲོད་དཀར།
ཨ་ནི། ད་ལྟ་གང་འདྲ་འདུག ཏོག་ཙམ་ཡར་རྒྱས་འགྲོ་འདུག་བས།
ཟླ་བ།
ད་ལྟ་ཏོག་ཙམ་ཡག་ཏུ་འགྲོ་འདུག སྔོན་མ་ཁ་ལག་ཀྱང་ཟ་ཐུབ་ཀྱི་མི་འདུག ཁ་ལག་བཟས་པ་ཚང་མ་སྐྱུག་གི་འདུག བྱས་ཙང་། དཀའ་ལས་ཞེ་དྲགས་ཕྲད་སོང་།
སྒྲོལ་དཀར།
ཨ་ནེ། སྨན་ཁང་ལ་འགྲོ་ཡིན་པས།
ཟླ་བ།
ད་ལྟ་སྨན་ཁང་ལ་ཕྱིན་མེད། སྨན་རྩིས་ཁང་ལ་སྨན་གཅིག་ལེན་ག་འགྲོ་དགོས་བསམ་སོང་།
སྒྲོལ་དཀར།
སྨན་རྩིས་ཁང་ལ་འགྲོ་ན་ཡག་པོ་ཡོད་རེད། སྨན་རྩིས་ཁང་གི་སྨན་པ་དེ་ཚོ་ཡག་པོ་འདུག མ་ཟད་བོད་སྨན་ཟ་དང་གཟུགས་པོ་ལ་གནོད་ཀྱི་མ་རེད།
ཟླ་བ།
སྨན་རིན་གོང་ཆེན་པོ་རེད་འདུག་གས།
སྒྲོལ་དཀར།
གོང་ཆེན་པོ་ཞེ་དྲག་མ་རེད།
ཟླ་བ།
བྱས་ན་ང་སང་ཉིན་སྨན་པ་བསྟེན་ག་འགྲོ་ཡི་ཡིན།
སྒྲོལ་དཀར།
སང་ཉིན་ང་ཡང་སྨན་པ་བསྟེན་ག་འགྲོ་ཡི་ཡིན། ང་གཉིས་མཉམ་དུ་འགྲོ།
ཟླ་བ།
ཁྱོད་རང་ག་རེ་ན་ཡི་འདུག
སྒྲོལ་དཀར།
ཧོབ་ཏོ་སྒང་ལ་གནམ་གཤིས་འགྱུར་བ་ཕྱིན་ཙང་ང་ལ་ཆམ་པ་བརྒྱབ་འདུག མིདཔ་ན་ཡི་འདུག སྣ་སྦུག་ནས་སྣ་ཆུ་མང་པོ་ཐོན་གྱི་འདུག གློ་མང་པོ་རྒྱག་གི་འདུག གནམ་གཤིས་འགྱུར་བ་ཕྱིན་ཙང་མི་མང་པོ་ཆམ་པ་ན་བསྡད་འདུག
ཟླ་བ།
སྨན་པ་ལ་བསྟེན་ནས་ག་རེ་གསུངས་བྱུང་། ན་ཚ་ག་རེ་རེད་འདུག
སྒྲོལ་དཀར།
སྨན་པས་ང་ལ་ཟས་དུག་ཕོགས་འདུག་ལབ་སོང་།
ཟླ་བ།
ཨ་ལེ། སྤྱིར་བཏང་བྱས་ན་ཟས་དུག་ཕོགས་ན་ལམ་སང་དྲགས་ཀྱི་རེད། ཁྱེད་རང་རྒྱུན་རིང་པོ་དེ་འདྲ་ག་རེ་བྱས་ནས་ན་སོང་།
སྒྲོལ་དཀར།
ངས་ཨེམ་ཆི་ལ་མ་བསྟེན་པར་རྒྱུན་རིང་པོ་བསྡད་ཡིན་ཙང་རེད་ལབ་སོང་། སྤྱིར་བཏང་ཟས་དུག་ཕོགས་ན་སྨན་བཟས་ན་མགྱོགས་པོ་དྲག་གི་རེད། ཡིན་ན་ཡང་ཉིན་གསུམ་ནང་ལ་མ་དྲག་ན། ཡིན་གཅིག་མིན་གཅིག་ཨེམ་ཆི་བསྟེན་དགོས་རེད་གསུངས་སོང་།
ཟླ་བ།
དེ་ཚོ་ཧ་གོ་ན་ཡག་པོ་ཡོད་རེད། རྗེས་མ་གཟབ་གཟབ་བྱེད་ཐུབ་ཀྱི་རེད། དེ་ནས་ཁྱོད་རང་སྨན་དུས་ཐོག་ལ་ཟ་ཡི་ཡོད་པས།
སྒྲོལ་དཀར།
འོ། ང་སྨན་ཟ་ཡི་ཡོད། ད་དུང་བདུན་ཕྲག་གཅིག་ཙམ་རིང་ལ་གྲོད་ཁོག་སྨན་ཟ་དགོས་ཡོད།
ཟླ་བ།
ཨ་ལེ། ཨ་ནི། ད་དུང་སྨན་པས་ག་རེ་གསུངས་སོང་།
སྒྲོལ་དཀར།
སི་པན་དང་གྲང་མོ་རིགས་མང་པོ་མ་ཟ་ལབ་སོང་། འོ། ད་དུང་འཚིག་ཇ་དང་ཇ་གར་པོའི་རིགས་དེ་ཚོ་འཐུང་རྒྱུ་ཡོད་མ་རེད།
ཟླ་བ།
ཨ་མ་མ། ཨེམ་ཆི་དེས་ཁྱེད་རང་ལ་བསླབ་བྱ་མང་པོ་བརྒྱབ་འདུག
སྒྲོལ་དཀར།
འོང་། བྱས་ཙང་། ད་ཨེམ་ཆིས་ག་རེ་ལབ་པ་ཆ་ཚང་ངས་བྱེད་ཀྱི་ཡིན། ཁོང་ཨེམ་ཆི་ཡག་པོ་ཡོད་ས་རེད། ངའི་གཟུགས་པོ་ཉིན་རེ་ནས་བདེ་རུ་བདེ་རུ་འགྲོ་ཡི་འདུག
ཟླ་བ།
ཨེམ་ཆི་སུ་ལ་བསྟེན་ཡིན།
སྒྲོལ་དཀར།
ཨེམ་ཆི་ལུངས་རྟོགས་ལ་བསྟེན་ཡིན།
ཟླ་བ།
སྨན་རྩིས་ཁང་ག་བ་ལ་ཡོད་རེད། ཐག་རིང་ལོད་ཡོད་རེད།
སྒྲོལ་དཀར།
སྨན་རྩིས་ཁང་གངས་སྐྱིད་ལ་ཡོད་རེད། ཐག་རིང་པོ་ཡོད་མ་རེད།
ཟླ་བ།
ཨ་ལེ། སྨན་རྩིས་ཁང་ཚོང་ཁང་ཆེན་པོ་དེའི་འགྲམ་ལ་ཡོད་རེད་པས།
སྒྲོལ་དཀར།
ཚོང་ཁང་ཆེན་པོ་འདི་ནས་ཏོག་ཙམ་འགྲོ་དགོས་རེད། ཕྱི་ལོགས་ལ་སྨན་རྩིས་ཁང་གི་རྟགས་ཡོད་རེད། ལས་སླ་པོ་མཐོང་གི་རེད། ད་དུང་སྒོའི་འཁྲིས་ལ་སྨན་རྩིས་ཁང་གི་ཚོང་ཁང་གཅིག་ཡོད་རེད།
ཟླ་བ།
ལགས་སོ། ཨེམ་ཆི་ལགས་ཀྱིས་བྲིས་པའི་སྨན་འདི་ཚོ་ཚོང་ཁང་དེའི་ནང་ནས་ཉོ་དགོས་རེད་པས།
སྒྲོལ་དཀར།
དགོས་མ་རེད། སྨན་ཉོ་ས་སྨན་རྩིས་ཁང་ནང་ལོགས་ལ་ཡོད་རེད། སྨན་པ་ལུངས་རྟོགས་ཀྱི་བརྟག་དཔྱད་བྱེད་སའི་འཁྲིས་ལ་ད་ག་རང་ལ་ཡོད་རེད། སེམས་ཁྲལ་མ་བྱེད། སྨན་པ་ལུངས་རྟོགས་ཀྱི་བརྟག་དཔྱད་ཁང་དེ་ཨང་གྲངས་དང་པོ་ལ་ཡོད་རེད།
ཟླ་བ།
ལགས་སོ། ཐུགས་རྗེ་གནང་། ཨ་ནི་ཁྱེད་རང་སྨན་ཡག་པོ་མཆོད།
སྒྲོལ་དཀར།
བཀའ་དྲིན་ཆེ། ཁྱོད་རང་ཡང་གཟུགས་པོ་བདག་པོ་བརྒྱབ།
Chapter 9
Chapter 11
Home
Stories
Reading
Curriculum
Grammar
Teachers
Articles