← Numbers

A0 Chapter 9

ང་ལ་འཛིན་གྲྭ་ཡོད།

I Have Class

ཚིག་གསར། New words

  • ཡོད།

    yö

    have, there is (I)

  • མེད།

    mé

    don't have, there isn't (I)

  • ཡོད་པས།

    yö-pé

    do you have?

  • ཡོད་རེད།

    yö-ré

    has, have (you, he, she, they)

  • ཡོད་མ་རེད།

    yö ma-ré

    doesn't have, don't have (you, he, she, they)

  • ཡོད་རེད་པས།

    yö-ré-pé

    do I have? does he/she have? do they have?

  • ཡོད་ས་རེད།

    yö-sa ré

    probably has, probably there is (everyone)

  • ཡོད་ས་མ་རེད།

    yö-sa ma-ré

    probably doesn't have (everyone)

  • མེད་པས།

    mé-pé

    don't you have? (negative question, you)

  • ཡོད་མ་རེད་པས།

    yö ma-ré-pé

    don't I have? doesn't he/she have? don't they have? (negative question)

  • ཁྱོད།

    khyö

    you

  • ཁོ།

    kho

    he

  • མོ།

    mo

    she

  • ཁོང་།

    khong

    he, she (honorific)

  • ང་ཚོ།

    nga-tso

    we

  • ཁྱོད་ཚོ།

    khyö-tso

    you (plural)

  • ཁོང་ཚོ།

    khong-tso

    they

  • འཛིན་གྲྭ།

    dzin-dra

    class

  • ཚོགས་འདུ།

    tsok-du

    meeting

  • ལས་ཀ

    lé-ka

    work

  • ཡིག་ཚད།

    yik-tsé

    exam

  • རྩེད་མོ།

    tsé-mo

    game, match

  • གུང་གསེང་།

    gung-seng

    holiday

  • ལོ་གསར།

    lo-sar

    Losar, Tibetan New Year

  • ནས།

    nä

    from

  • བར་དུ།

    bar-du

    until, to

  • ག་དུས།

    ga-dü

    when

  • ག་དུས་ནས་ག་དུས་བར་དུ།

    ga-dü nä ga-dü bar-du

    from when until when?

  • ཆུ་ཚོད་ག་ཚོད་ནས་ག་ཚོད་བར་དུ།

    chu-tsö ga-tsö nä ga-tsö bar-du

    from what time to what time?

  • དང་པོ།

    dang-po

    first

  • དེའི་རྗེས་ལ།

    dé-jé-la

    after that, then

མཆན། Notes · ཡོད། མེད། ཡོད་རེད། ཡོད་ས་རེད།

  • 1st person (I, we): ང། ང་ཚོ། Say ཡོད། (have) or མེད། (don't have). To ask about yourself (“Do I have class?”), use ཡོད་རེད་པས།

  • 2nd person (you): ཁྱོད། ཁྱོད་ཚོ། ཁྱེད་རང་། Say ཡོད་རེད། (have) or ཡོད་མ་རེད། (don't have). To ask, use ཡོད་པས། (not ཡོད་རེད་པས). ཁྱོད is for friends and children; ཁྱེད་རང is polite.

  • 3rd person (he, she, they): ཁོ། མོ། ཁོང་། ཁོང་ཚོ། Say ཡོད་རེད། (has) or ཡོད་མ་རེད། (doesn't have). To ask, use ཡོད་རེད་པས། ཁོང is the honorific for ཁོ or མོ.

  • Not sure (a guess), for every person: say ཡོད་ས་རེད། (probably has) or ཡོད་ས་མ་རེད། (probably doesn't have). It works with ང, ཁྱོད and ཁོ alike: ང་ལ་སང་ཉིན་ལས་ཀ་ཡོད་ས་རེད། I probably have work tomorrow.

Chart 1 · Which ending?

PersonWhoHas (+)Doesn't have (−)QuestionNegative questionProbably (guess)
1stང། ང་ཚོ། (I, we)ཡོད།མེད།ཡོད་རེད་པས།ཡོད་མ་རེད་པས།ཡོད་ས་རེད། / ཡོད་ས་མ་རེད།
2ndཁྱོད། ཁྱོད་ཚོ། ཁྱེད་རང་། (you)ཡོད་རེད།ཡོད་མ་རེད།ཡོད་པས།མེད་པས།ཡོད་ས་རེད། / ཡོད་ས་མ་རེད།
3rdཁོ། མོ། ཁོང་། ཁོང་ཚོ། (he, she, they)ཡོད་རེད།ཡོད་མ་རེད།ཡོད་རེད་པས།ཡོད་མ་རེད་པས།ཡོད་ས་རེད། / ཡོད་ས་མ་རེད།

Chart 2 · Question and answer

The answer does not always use the same ending as the question. When someone asks about you (ཡོད་པས།), you answer about yourself (ཡོད། / མེད།). When you ask about yourself (ཡོད་རེད་པས།), the other person answers about you (ཡོད་རེད། / ཡོད་མ་རེད།).

QuestionYes (+)No (−)
ང་ལ་སང་ཉིན་འཛིན་གྲྭ་ཡོད་རེད་པས། Do I have class tomorrow?ཡོད་རེད། ཁྱོད་ལ་སང་ཉིན་འཛིན་གྲྭ་ཡོད་རེད།ཡོད་མ་རེད། ཁྱོད་ལ་སང་ཉིན་འཛིན་གྲྭ་ཡོད་མ་རེད།
ཁྱོད་ལ་འཛིན་གྲྭ་ཡོད་པས། Do you have class?ཡོད། ང་ལ་འཛིན་གྲྭ་ཡོད།མེད། ང་ལ་འཛིན་གྲྭ་མེད།
ཁྱོད་ཚོ་ལ་ལས་ཀ་ཡོད་པས། Do you all have work?ཡོད། ང་ཚོ་ལ་ལས་ཀ་ཡོད།མེད། ང་ཚོ་ལ་ལས་ཀ་མེད།
ཁྱོད་ལ་ཡིག་ཚད་ཡོད་པས། Do you have an exam? (not sure)ཡོད་ས་རེད། ང་ལ་ཡིག་ཚད་ཡོད་ས་རེད།ཡོད་ས་མ་རེད། ང་ལ་ཡིག་ཚད་ཡོད་ས་མ་རེད།
ཁོ་ལ་ཡིག་ཚད་ཡོད་རེད་པས། Does he have an exam?ཡོད་རེད། ཁོ་ལ་ཡིག་ཚད་ཡོད་རེད།ཡོད་མ་རེད། ཁོ་ལ་ཡིག་ཚད་ཡོད་མ་རེད།
མོ་ལ་ཚོགས་འདུ་ཡོད་རེད་པས། Does she have a meeting? (not sure)ཡོད་ས་རེད། མོ་ལ་ཚོགས་འདུ་ཡོད་ས་རེད།ཡོད་ས་མ་རེད། མོ་ལ་ཚོགས་འདུ་ཡོད་ས་མ་རེད།
ཁོང་ཚོ་ལ་རྩེད་མོ་ཡོད་རེད་པས། Do they have a game?ཡོད་རེད། ཁོང་ཚོ་ལ་རྩེད་མོ་ཡོད་རེད།ཡོད་མ་རེད། ཁོང་ཚོ་ལ་རྩེད་མོ་ཡོད་མ་རེད།

Chart 3 · Negative questions

“Don't you have …?” ཡོད་པས → མེད་པས། (mé-pé) · ཡོད་རེད་པས → ཡོད་མ་རེད་པས། (yö ma-ré-pé). The answer follows the same rules as above.

Negative questionYes, has it (+)No, doesn't (−)
ཁྱོད་ལ་འཛིན་གྲྭ་མེད་པས། Don't you have class?ཡོད། ང་ལ་འཛིན་གྲྭ་ཡོད།མེད། ང་ལ་འཛིན་གྲྭ་མེད།
ཁྱོད་ཚོ་ལ་སང་ཉིན་ལས་ཀ་མེད་པས། Don't you all have work tomorrow?ཡོད། ང་ཚོ་ལ་སང་ཉིན་ལས་ཀ་ཡོད།མེད། ང་ཚོ་ལ་སང་ཉིན་ལས་ཀ་མེད།
ང་ལ་སང་ཉིན་འཛིན་གྲྭ་ཡོད་མ་རེད་པས། Don't I have class tomorrow?ཡོད་རེད། ཁྱོད་ལ་སང་ཉིན་འཛིན་གྲྭ་ཡོད་རེད།ཡོད་མ་རེད། ཁྱོད་ལ་སང་ཉིན་འཛིན་གྲྭ་ཡོད་མ་རེད།
ཁོ་ལ་ཡིག་ཚད་ཡོད་མ་རེད་པས། Doesn't he have an exam?ཡོད་རེད། ཁོ་ལ་ཡིག་ཚད་ཡོད་རེད།ཡོད་མ་རེད། ཁོ་ལ་ཡིག་ཚད་ཡོད་མ་རེད།
ཁོང་ཚོ་ལ་རྩེད་མོ་ཡོད་མ་རེད་པས། Don't they have a game? (not sure)ཡོད་ས་རེད། ཁོང་ཚོ་ལ་རྩེད་མོ་ཡོད་ས་རེད།ཡོད་ས་མ་རེད། ཁོང་ཚོ་ལ་རྩེད་མོ་ཡོད་ས་མ་རེད།

དྲན་པར་བྱོས། Remember

  1. 1

    Saying it: ང / ང་ཚོ → ཡོད། མེད། · ཁྱོད / ཁོ / མོ / ཁོང / ཁོང་ཚོ → ཡོད་རེད། ཡོད་མ་རེད།

  2. 2

    Asking it: about ཁྱོད (you) → ཡོད་པས། · about ང (I) or ཁོ / མོ / ཁོང་ཚོ → ཡོད་རེད་པས།

  3. 3

    Answering: a ཡོད་པས question → ཡོད། / མེད། · a ཡོད་རེད་པས question → ཡོད་རེད། / ཡོད་མ་རེད།

  4. 4

    Not sure? ཡོད་ས་རེད། / ཡོད་ས་མ་རེད། for every person

  5. 5

    Short answers: a yes/no answer can be just the ending: ཡོད། མེད། ཡོད་རེད། ཡོད་མ་རེད། ཡོད་ས་རེད།

  6. 6

    Negative question: ཡོད་པས → མེད་པས། · ཡོད་རེད་པས → ཡོད་མ་རེད་པས།

ཡོད་མེད་ཀྱི་ཚིག་གྲུབ། The pattern · sentences with every ending

  1. 1

    ང་ལ་འཛིན་གྲྭ་ཡོད།

    Nga la dzin-dra yö.

    I have class.

  2. 2

    ང་ལ་འཛིན་གྲྭ་མེད།

    Nga la dzin-dra mé.

    I don't have class.

  3. 3

    ཁྱོད་ལ་འཛིན་གྲྭ་ཡོད་པས།

    Khyö la dzin-dra yö-pé?

    Do you have class?

  4. 4

    ཁོ་ལ་ཡིག་ཚད་ཡོད་རེད།

    Kho la yik-tsé yö-ré.

    He has an exam.

  5. 5

    མོ་ལ་ཡིག་ཚད་ཡོད་མ་རེད།

    Mo la yik-tsé yö ma-ré.

    She doesn't have an exam.

  6. 6

    ཁོང་ལ་ཚོགས་འདུ་ཡོད་རེད་པས།

    Khong la tsok-du yö-ré-pé?

    Does he (hon.) have a meeting?

  7. 7

    ང་ཚོ་ལ་དེ་རིང་གུང་གསེང་ཡོད།

    Nga-tso la de-ring gung-seng yö.

    We have a holiday today.

  8. 8

    ཁྱོད་ཚོ་ལ་སང་ཉིན་འཛིན་གྲྭ་ཡོད་པས།

    Khyö-tso la sang-nyin dzin-dra yö-pé?

    Do you all have class tomorrow?

  9. 9

    ཁོང་ཚོ་ལ་སང་ཉིན་ལས་ཀ་ཡོད་མ་རེད།

    Khong-tso la sang-nyin lé-ka yö ma-ré.

    They don't have work tomorrow.

  10. 10

    ཁོ་ལ་དེ་རིང་འཛིན་གྲྭ་ཡོད་ས་རེད།

    Kho la de-ring dzin-dra yö-sa ré.

    He probably has class today.

  11. 11

    མོ་ལ་སང་ཉིན་ལས་ཀ་ཡོད་ས་མ་རེད།

    Mo la sang-nyin lé-ka yö-sa ma-ré.

    She probably doesn't have work tomorrow.

  12. 12

    ང་ལ་ཆུ་ཚོད་གཉིས་པ་ནས་ཆུ་ཚོད་བཞི་པ་བར་དུ་འཛིན་གྲྭ་ཡོད།

    Nga la chu-tsö nyi-pa nä chu-tsö zhi-pa bar-du dzin-dra yö.

    I have class from two to four o'clock.

  13. 13

    ཁོང་ཚོ་ལ་གཟའ་ཟླ་བ་ནས་གཟའ་པ་སངས་བར་དུ་ལས་ཀ་ཡོད་རེད།

    Khong-tso la za da-wa nä za pa-sang bar-du lé-ka yö-ré.

    They have work from Monday to Friday.

  14. 14

    ཁྱོད་ལ་འཛིན་གྲྭ་ཆུ་ཚོད་ག་ཚོད་ནས་ག་ཚོད་བར་དུ་ཡོད།

    Khyö la dzin-dra chu-tsö ga-tsö nä ga-tsö bar-du yö?

    From what time to what time do you have class?

  15. 15

    ཁྱོད་ལ་གུང་གསེང་ག་དུས་ནས་ག་དུས་བར་དུ་ཡོད།

    Khyö la gung-seng ga-dü nä ga-dü bar-du yö?

    From when until when do you have a holiday?

  16. 16

    ཁྱོད་ལ་སང་ཉིན་ཡིག་ཚད་ཡོད་རེད།

    Khyö la sang-nyin yik-tsé yö-ré.

    You have an exam tomorrow.

  17. 17

    ཁྱོད་ལ་དེ་རིང་ལས་ཀ་ཡོད་མ་རེད།

    Khyö la de-ring lé-ka yö ma-ré.

    You don't have work today.

  18. 18

    ང་ལ་སང་ཉིན་འཛིན་གྲྭ་ཡོད་རེད་པས།

    Nga la sang-nyin dzin-dra yö-ré-pé?

    Do I have class tomorrow?

  19. 19

    ང་ལ་གཟའ་པ་སངས་ལ་ཡིག་ཚད་ཡོད་མ་རེད་པས།

    Nga la za pa-sang la yik-tsé yö ma-ré-pé?

    Don't I have an exam on Friday?

  20. 20

    ཁྱོད་ལ་དེ་རིང་འཛིན་གྲྭ་མེད་པས།

    Khyö la de-ring dzin-dra mé-pé?

    Don't you have class today?

  21. 21

    ཁོ་ལ་སང་ཉིན་ཚོགས་འདུ་ཡོད་མ་རེད་པས།

    Kho la sang-nyin tsok-du yö ma-ré-pé?

    Doesn't he have a meeting tomorrow?

  22. 22

    ང་ལ་སང་ཉིན་ལས་ཀ་ཡོད་ས་རེད།

    Nga la sang-nyin lé-ka yö-sa ré.

    I probably have work tomorrow.

  23. 23

    ཁྱོད་ལ་གཟའ་སྤེན་པ་ལ་འཛིན་གྲྭ་ཡོད་ས་མ་རེད།

    Khyö la za pen-pa la dzin-dra yö-sa ma-ré.

    You probably don't have class on Saturday.

གླེང་མོལ་དང་པོ། Conversation 1 · Today, yesterday, tomorrow

  1. བུ་མོ། · Girl

    དེ་རིང་ཁྱོད་ལ་འཛིན་གྲྭ་ཡོད་པས།

    De-ring khyö la dzin-dra yö-pé?

    Do you have class today?

  2. བུ། · Boy

    ཡོད། དེ་རིང་ང་ལ་འཛིན་གྲྭ་གསུམ་ཡོད།

    Yö. De-ring nga la dzin-dra sum yö.

    Yes. Today I have three classes.

  3. བུ། · Boy

    ཁ་སང་ཁྱོད་ལ་འཛིན་གྲྭ་ཡོད་པས།

    Kha-sang khyö la dzin-dra yö-pé?

    Did you have class yesterday?

  4. བུ་མོ། · Girl

    མེད། ཁ་སང་ང་ལ་འཛིན་གྲྭ་མེད། ཁ་སང་གཟའ་ཉི་མ་རེད།

    Mé. Kha-sang nga la dzin-dra mé. Kha-sang za nyi-ma ré.

    No. I didn't have class yesterday. Yesterday was Sunday.

  5. བུ་མོ། · Girl

    སང་ཉིན་ཁྱོད་ལ་ཡིག་ཚད་ཡོད་པས།

    Sang-nyin khyö la yik-tsé yö-pé?

    Do you have an exam tomorrow?

  6. བུ། · Boy

    ཡོད། སང་ཉིན་ང་ལ་ཡིག་ཚད་ཡོད།

    Yö. Sang-nyin nga la yik-tsé yö.

    Yes. I have an exam tomorrow.

  7. བུ། · Boy

    གནངས་ཉིན་ཁྱོད་ལ་ལས་ཀ་ཡོད་པས།

    Nang-nyin khyö la lé-ka yö-pé?

    Do you have work the day after tomorrow?

  8. བུ་མོ། · Girl

    མེད། གནངས་ཉིན་ང་ལ་ལས་ཀ་མེད། གནངས་ཉིན་གུང་གསེང་རེད།

    Mé. Nang-nyin nga la lé-ka mé. Nang-nyin gung-seng ré.

    No. I don't have work the day after tomorrow. It is a holiday.

  9. བུ་མོ། · Girl

    ཁ་ཉིན་ཁྱོད་ལ་ཚོགས་འདུ་ཡོད་པས།

    Kha-nyin khyö la tsok-du yö-pé?

    Did you have a meeting the day before yesterday?

  10. བུ། · Boy

    ཡོད། ཁ་ཉིན་ང་ལ་ཚོགས་འདུ་གཉིས་ཡོད།

    Yö. Kha-nyin nga la tsok-du nyi yö.

    Yes. The day before yesterday I had two meetings.

  11. བུ། · Boy

    དེ་རིང་ཁྱོད་ལ་རྩེད་མོ་ཡོད་པས།

    De-ring khyö la tsé-mo yö-pé?

    Do you have a game today?

  12. བུ་མོ། · Girl

    མེད། དེ་རིང་ང་ལ་རྩེད་མོ་མེད།

    Mé. De-ring nga la tsé-mo mé.

    No. I don't have a game today.

གླེང་མོལ་གཉིས་པ། Conversation 2 · He, she and they

  1. བུ་མོ། · Girl

    ཁོ་ལ་དེ་རིང་འཛིན་གྲྭ་ཡོད་རེད་པས།

    Kho la de-ring dzin-dra yö-ré-pé?

    Does he have class today?

  2. བུ། · Boy

    ཡོད་རེད། ཁོ་ལ་དེ་རིང་འཛིན་གྲྭ་ཡོད་རེད།

    Yö-ré. Kho la de-ring dzin-dra yö-ré.

    Yes. He has class today.

  3. བུ། · Boy

    མོ་ལ་སང་ཉིན་ཡིག་ཚད་ཡོད་རེད་པས།

    Mo la sang-nyin yik-tsé yö-ré-pé?

    Does she have an exam tomorrow?

  4. བུ་མོ། · Girl

    ཡོད་མ་རེད། མོ་ལ་སང་ཉིན་ཡིག་ཚད་ཡོད་མ་རེད།

    Yö ma-ré. Mo la sang-nyin yik-tsé yö ma-ré.

    No. She doesn't have an exam tomorrow.

  5. བུ་མོ། · Girl

    ཁོང་ལ་གཟའ་ཟླ་བ་ལ་ཚོགས་འདུ་ཡོད་རེད་པས།

    Khong la za da-wa la tsok-du yö-ré-pé?

    Does he (hon.) have a meeting on Monday?

  6. བུ། · Boy

    ཡོད་ས་རེད། ཁོང་ལ་གཟའ་ཟླ་བ་ལ་ཚོགས་འདུ་ཡོད་ས་རེད།

    Yö-sa ré. Khong la za da-wa la tsok-du yö-sa ré.

    Probably. He probably has a meeting on Monday.

  7. བུ། · Boy

    ཁོང་ཚོ་ལ་གཟའ་སྤེན་པ་ལ་ལས་ཀ་ཡོད་རེད་པས།

    Khong-tso la za pen-pa la lé-ka yö-ré-pé?

    Do they have work on Saturday?

  8. བུ་མོ། · Girl

    ཡོད་ས་མ་རེད། གཟའ་སྤེན་པ་གཟའ་མཇུག་རེད།

    Yö-sa ma-ré. Za pen-pa za-juk ré.

    Probably not. Saturday is the weekend.

  9. བུ་མོ། · Girl

    ཁྱོད་ཚོ་ལ་ལོ་གསར་ལ་འཛིན་གྲྭ་ཡོད་པས།

    Khyö-tso la lo-sar la dzin-dra yö-pé?

    Do you all have class at Losar?

  10. བུ། · Boy

    མེད། ང་ཚོ་ལ་ལོ་གསར་ལ་འཛིན་གྲྭ་མེད། ང་ཚོ་ལ་གུང་གསེང་ཡོད།

    Mé. Nga-tso la lo-sar la dzin-dra mé. Nga-tso la gung-seng yö.

    No. We don't have class at Losar. We have a holiday.

  11. བུ། · Boy

    ཁོ་ལ་དེ་རིང་རྩེད་མོ་ཡོད་རེད་པས།

    Kho la de-ring tsé-mo yö-ré-pé?

    Does he have a game today?

  12. བུ་མོ། · Girl

    ཡོད་ས་རེད། ཁོ་ལ་ཉིན་རྒྱབ་རྩེད་མོ་ཡོད་ས་རེད།

    Yö-sa ré. Kho la nyin-gyab tsé-mo yö-sa ré.

    Probably. He probably has a game in the afternoon.

གླེང་མོལ་གསུམ་པ། Conversation 3 · From … to …

  1. བུ་མོ། · Girl

    ཁྱོད་ལ་འཛིན་གྲྭ་ཆུ་ཚོད་ག་ཚོད་ནས་ག་ཚོད་བར་དུ་ཡོད།

    Khyö la dzin-dra chu-tsö ga-tsö nä ga-tsö bar-du yö?

    From what time to what time do you have class?

  2. བུ། · Boy

    ང་ལ་ཞོགས་པའི་ཆུ་ཚོད་དགུ་པ་ནས་ཆུ་ཚོད་བཅུ་གཉིས་བར་དུ་འཛིན་གྲྭ་ཡོད།

    Nga la zhok-pa'i chu-tsö gu-pa nä chu-tsö chu-nyi bar-du dzin-dra yö.

    I have class from nine in the morning until twelve.

  3. བུ། · Boy

    ཁྱོད་ལ་ཉིན་རྒྱབ་ཆུ་ཚོད་གཉིས་པ་ནས་ཆུ་ཚོད་བཞི་པ་བར་དུ་ལས་ཀ་ཡོད་པས།

    Khyö la nyin-gyab chu-tsö nyi-pa nä chu-tsö zhi-pa bar-du lé-ka yö-pé?

    Do you have work from two to four in the afternoon?

  4. བུ་མོ། · Girl

    མེད། ང་ལ་ཉིན་རྒྱབ་ལས་ཀ་མེད།

    Mé. Nga la nyin-gyab lé-ka mé.

    No. I don't have work in the afternoon.

  5. བུ་མོ། · Girl

    ཁྱོད་ལ་གུང་གསེང་ག་དུས་ནས་ག་དུས་བར་དུ་ཡོད།

    Khyö la gung-seng ga-dü nä ga-dü bar-du yö?

    From when until when do you have a holiday?

  6. བུ། · Boy

    ང་ལ་ཟླ་བ་བཅུ་གཉིས་པའི་ཚེས་པ་ཉི་ཤུ་ནས་ཚེས་པ་སུམ་ཅུ་བར་དུ་གུང་གསེང་ཡོད།

    Nga la da-wa chu-nyi-pa'i tsé-pa nyi-shu nä tsé-pa sum-chu bar-du gung-seng yö.

    I have a holiday from December 20 to 30.

  7. བུ། · Boy

    ཁོང་ཚོ་ལ་གཟའ་ཟླ་བ་ནས་གཟའ་པ་སངས་བར་དུ་ལས་ཀ་ཡོད་རེད་པས།

    Khong-tso la za da-wa nä za pa-sang bar-du lé-ka yö-ré-pé?

    Do they have work from Monday to Friday?

  8. བུ་མོ། · Girl

    ཡོད་རེད། ཁོང་ཚོ་ལ་གཟའ་ཟླ་བ་ནས་གཟའ་པ་སངས་བར་དུ་ལས་ཀ་ཡོད་རེད།

    Yö-ré. Khong-tso la za da-wa nä za pa-sang bar-du lé-ka yö-ré.

    Yes. They have work from Monday to Friday.

  9. བུ་མོ། · Girl

    ཟླ་བ་བདུན་པའི་ཚེས་པ་དྲུག་ལ་ཁྱོད་ལ་འཛིན་གྲྭ་ཡོད་པས།

    Da-wa dün-pa'i tsé-pa druk la khyö la dzin-dra yö-pé?

    Do you have class on July 6?

  10. བུ། · Boy

    མེད། ཟླ་བ་བདུན་པའི་ཚེས་པ་དྲུག་༧གོང་ས་མཆོག་གི་འཁྲུངས་སྐར་རེད།

    Mé. Da-wa dün-pa'i tsé-pa druk gong-sa chok-gi trung-kar ré.

    No. July 6 is the Dalai Lama's birthday.

  11. བུ། · Boy

    མོ་ལ་དགོང་མོ་ཆུ་ཚོད་དྲུག་པ་ནས་ཆུ་ཚོད་བརྒྱད་པ་བར་དུ་ཚོགས་འདུ་ཡོད་རེད་པས།

    Mo la gong-mo chu-tsö druk-pa nä chu-tsö gyé-pa bar-du tsok-du yö-ré-pé?

    Does she have a meeting from six to eight in the evening?

  12. བུ་མོ། · Girl

    ཡོད་ས་རེད། མོ་ལ་དགོང་མོ་ཚོགས་འདུ་ཡོད་ས་རེད།

    Yö-sa ré. Mo la gong-mo tsok-du yö-sa ré.

    Probably. She probably has a meeting in the evening.

ངའི་བདུན་ཕྲག My week · a story

  1. 1

    དེ་རིང་གཟའ་ཟླ་བ་རེད།

    De-ring za da-wa ré.

    Today is Monday.

  2. 2

    དེ་རིང་ང་ལ་འཛིན་གྲྭ་གསུམ་ཡོད།

    De-ring nga la dzin-dra sum yö.

    Today I have three classes.

  3. 3

    དང་པོ། ང་ལ་ཞོགས་པའི་ཆུ་ཚོད་དགུ་པ་ལ་འཛིན་གྲྭ་ཡོད།

    Dang-po. Nga la zhok-pa'i chu-tsö gu-pa la dzin-dra yö.

    First, I have class at nine in the morning.

  4. 4

    འཛིན་གྲྭ་དེ་ཆུ་ཚོད་དགུ་པ་ནས་ཆུ་ཚོད་བཅུ་པ་བར་དུ་ཡོད།

    Dzin-dra dé chu-tsö gu-pa nä chu-tsö chu-pa bar-du yö.

    That class is from nine to ten.

  5. 5

    དེའི་རྗེས་ལ་ཆུ་ཚོད་བཅུ་པ་ནས་ཆུ་ཚོད་བཅུ་པ་དང་ཕྱེད་ཀ་བར་དུ་བར་གསེང་ཡོད།

    Dé-jé-la chu-tsö chu-pa nä chu-tsö chu-pa dang ché-ka bar-du bar-seng yö.

    After that, there is a break from ten to half past ten.

  6. 6

    དེའི་རྗེས་ལ་ང་ལ་ཉིན་རྒྱབ་ཆུ་ཚོད་གཉིས་པ་ལ་འཛིན་གྲྭ་ཡོད།

    Dé-jé-la nga la nyin-gyab chu-tsö nyi-pa la dzin-dra yö.

    Then I have class at two in the afternoon.

  7. 7

    འཛིན་གྲྭ་དེ་ཆུ་ཚོད་གཉིས་པ་ནས་ཆུ་ཚོད་གསུམ་པ་བར་དུ་ཡོད།

    Dzin-dra dé chu-tsö nyi-pa nä chu-tsö sum-pa bar-du yö.

    That class is from two to three.

  8. 8

    དེའི་རྗེས་ལ་ང་ལ་ཆུ་ཚོད་བཞི་པ་ལ་འཛིན་གྲྭ་ཡོད།

    Dé-jé-la nga la chu-tsö zhi-pa la dzin-dra yö.

    After that, I have class at four.

  9. 9

    འཛིན་གྲྭ་དེ་ཆུ་ཚོད་བཞི་པ་ནས་ཆུ་ཚོད་ལྔ་པ་བར་དུ་ཡོད།

    Dzin-dra dé chu-tsö zhi-pa nä chu-tsö nga-pa bar-du yö.

    That class is from four to five.

  10. 10

    དགོང་མོ་ང་ལ་འཛིན་གྲྭ་མེད།

    Gong-mo nga la dzin-dra mé.

    In the evening I don't have class.

  11. 11

    ཁ་སང་ང་ལ་འཛིན་གྲྭ་གཉིས་ཡོད།

    Kha-sang nga la dzin-dra nyi yö.

    Yesterday I had two classes.

  12. 12

    ཁ་སང་ང་ལ་ཚོགས་འདུ་ཡང་ཡོད།

    Kha-sang nga la tsok-du yang yö.

    Yesterday I also had a meeting.

  13. 13

    ཚོགས་འདུ་དེ་དགོང་མོ་ཆུ་ཚོད་ལྔ་པ་ནས་ཆུ་ཚོད་དྲུག་པ་བར་དུ་ཡོད།

    Tsok-du dé gong-mo chu-tsö nga-pa nä chu-tsö druk-pa bar-du yö.

    That meeting was from five to six in the evening.

  14. 14

    སང་ཉིན་ང་ལ་འཛིན་གྲྭ་མེད།

    Sang-nyin nga la dzin-dra mé.

    Tomorrow I don't have class.

  15. 15

    སང་ཉིན་ལོ་གསར་རེད།

    Sang-nyin lo-sar ré.

    Tomorrow is Losar.

  16. 16

    ང་ལ་སང་ཉིན་ནས་གཟའ་ཕུར་བུ་བར་དུ་གུང་གསེང་ཡོད།

    Nga la sang-nyin nä za phur-bu bar-du gung-seng yö.

    I have a holiday from tomorrow until Thursday.

  17. 17

    གཟའ་པ་སངས་ལ་ང་ལ་ཡིག་ཚད་ཡོད།

    Za pa-sang la nga la yik-tsé yö.

    On Friday I have an exam.

  18. 18

    ཡིག་ཚད་དེ་ཞོགས་པའི་ཆུ་ཚོད་བཅུ་པ་ནས་ཉིན་གུང་ཆུ་ཚོད་བཅུ་གཉིས་བར་དུ་ཡོད།

    Yik-tsé dé zhok-pa'i chu-tsö chu-pa nä nyin-gung chu-tsö chu-nyi bar-du yö.

    The exam is from ten in the morning until twelve noon.

  19. 19

    བཀྲ་ཤིས་ལ་ཡང་གཟའ་པ་སངས་ལ་ཡིག་ཚད་ཡོད་རེད།

    Tra-shi la yang za pa-sang la yik-tsé yö-ré.

    Tashi also has an exam on Friday.

  20. 20

    ཁོ་ལ་ཉིན་རྒྱབ་ཆུ་ཚོད་གཉིས་པ་ནས་ཆུ་ཚོད་བཞི་པ་བར་དུ་ཡིག་ཚད་ཡོད་ས་རེད།

    Kho la nyin-gyab chu-tsö nyi-pa nä chu-tsö zhi-pa bar-du yik-tsé yö-sa ré.

    He probably has the exam from two to four in the afternoon.

  21. 21

    སྒྲོལ་མ་ལ་གཟའ་པ་སངས་ལ་ཡིག་ཚད་ཡོད་མ་རེད།

    Drol-ma la za pa-sang la yik-tsé yö ma-ré.

    Dolma doesn't have an exam on Friday.

  22. 22

    མོ་ལ་ལས་ཀ་ཡོད་རེད།

    Mo la lé-ka yö-ré.

    She has work.

  23. 23

    མོ་ལ་ཞོགས་པའི་ཆུ་ཚོད་བརྒྱད་པ་ནས་དགོང་མོ་ཆུ་ཚོད་ལྔ་པ་བར་དུ་ལས་ཀ་ཡོད་རེད།

    Mo la zhok-pa'i chu-tsö gyé-pa nä gong-mo chu-tsö nga-pa bar-du lé-ka yö-ré.

    She has work from eight in the morning until five in the evening.

  24. 24

    གཟའ་སྤེན་པ་ལ་ང་ཚོ་ལ་རྩེད་མོ་ཡོད།

    Za pen-pa la nga-tso la tsé-mo yö.

    On Saturday we have a game.

  25. 25

    རྩེད་མོ་དེ་ཉིན་རྒྱབ་ཆུ་ཚོད་གསུམ་པ་ནས་ཆུ་ཚོད་ལྔ་པ་བར་དུ་ཡོད།

    Tsé-mo dé nyin-gyab chu-tsö sum-pa nä chu-tsö nga-pa bar-du yö.

    The game is from three to five in the afternoon.

  26. 26

    ཁོང་ཚོ་ལ་ཡང་རྩེད་མོ་ཡོད་ས་རེད།

    Khong-tso la yang tsé-mo yö-sa ré.

    They probably have a game too.

  27. 27

    གཟའ་ཉི་མ་ལ་ང་ལ་འཛིན་གྲྭ་མེད། ལས་ཀ་ཡང་མེད།

    Za nyi-ma la nga la dzin-dra mé. Lé-ka yang mé.

    On Sunday I have no class. I have no work either.

  28. 28

    གཟའ་ཉི་མ་གཟའ་མཇུག་རེད།

    Za nyi-ma za-juk ré.

    Sunday is the weekend.

བོད་སྐད་ལ་བཤད་དགོས། Your turn: answer and say it in Tibetan

  • དེ་རིང་ཁྱོད་ལ་འཛིན་གྲྭ་ཡོད་པས།
  • ཁ་སང་ཁྱོད་ལ་འཛིན་གྲྭ་ག་ཚོད་ཡོད།
  • སང་ཉིན་ཁྱོད་ལ་ལས་ཀ་ཡོད་པས།
  • ཁྱོད་ལ་འཛིན་གྲྭ་ཆུ་ཚོད་ག་ཚོད་ནས་ག་ཚོད་བར་དུ་ཡོད།
  • ཁྱོད་ལ་གུང་གསེང་ག་དུས་ནས་ག་དུས་བར་དུ་ཡོད།
  • ཁྱོད་ལ་ཡིག་ཚད་ག་དུས་ཡོད།
  • ཁོང་ཚོ་ལ་གཟའ་སྤེན་པ་ལ་ལས་ཀ་ཡོད་རེད་པས།
  • I have class from nine to twelve in the morning.
  • He doesn't have work tomorrow. Tomorrow is Sunday.
  • She probably has an exam on Friday.
Practice activitiesFill in the blanks, matching games and more, with new numbers each time.